e-texts navigator
Collection
Volume
Page
Wylie

192b1 ཕྲ་བ། ལུས་བཟང་བ། ལུས་འོད་གསལ་གལུས་མི་སྣང་བ། གང་དག་ཡིན་པའི་ལྷ་དེ་དག་གི་མདུན་ན་ཡང་བྱང་ཆུབ་སེམས་དཔའ་རང་གི་ལུས་ཉེ་བར་སྟོན་ཏོ།། ལྷའི་བུ་དེ་དག་གིས་ཀྱང་དེའི་ལུས་མཐོང་། དེས་ཀྱང་དེ་དག་གི་ལུས
192b2 མཐོང་། འདོད་ན་དེའི་ལུས་ལྷ་རྣམས་ཀྱིས་མཐོང་ལ། རང་གི་ལུས་མི་མཐོང་།། འདོད་ན་ལྷའི་བུ་དེ་དག་རང་གི་ལུས་མཐང་ལ། དེའི་ལུས་མི་མཐོང་སྟེ།། དེ་ལྷའི་མིག་དེ་ལྟ་བུ་དང་ལྡན་པར་གྱུར་ཏོ།། དེ་ལྷའི་རྣ་བ་དང་ལྡན་པཔ
192b3 གྷུགྱུར་ཏེ། འདི་ལ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སྒྲ་ཇི་སྙེད་ཡོད་པ་ལྷའི་སྒྲ་འམ། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་སྒྲ་འམ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྒྲ་འམ། མི་དང་མིན
192b4 ཡིན་པའི་སྒྲ་དེ་དག་ཐམས་ཅད་དེའི་ལྷའི་རྣ་བའི་དབང་པོ་དེ་ལ་གྲག་པར་འགྱུར་རོ། ། དེ་སྒྲ་དེ་དག་ཐམས་ཅད་ཐོས་ཀྱང་སྒྲ་ཐ་དད་པར་མི་བྱེད་ལ། སྒྲ་ཐམས་ཅད་ཀྱང་སྨྲར་མེད་པར་མོས་སོ།། བརྗོད་དུ་མེད་པར་ཤེས་སོ།། དེ་སྐ
192b5 དག་ཐོས་ཀྱང་བདག་ཏུ་འདུ་ཤེས་སམ། སེམས་ཅན་དུ་འདུ་ཤེས་སམ། སྒྲར་འདུ་ཤེས་མི་འཇུག་ལ། སྒྲ་ཐམས་ཅད་ཀྱང་ཐོག་མའི་མཐའ་དང་ཐ་མའི་མཐའི་སྒྲར་བརྗོད་པ་མེད་པར་རབ་ཏུ་རྟོགས་ཤིང་ཆོས་ཐམས་ཅད་བརྗོད་དུ་མེད
192b6 པར་ཡིད་ཆེས་སོ། ། དེའི་རྣ་བའི་དབང་པོའི་རྣམ་པར་ཤེས་པའི་ཁམས་སྒྲིབ་པ་མེད་པར་འགྱུར་ཏེ། སྒྲ་དེ་དག་ཐོས་ནས་ཀྱང་སྒྲ་དེ་དག་གི་དོན་གང་ཡིན་པ་དེ་རབ་ཏུ་ཤེས་སོ།། སྒྲ་རྣམས་ཀྱི་དོན་གང་ཞེ་ན། སྒྲ་ཐམས་ཅད་ཀྱི་དོན
192b7 ནི་བརྗོད་དུ་མེད་པའི་དོན་ཏོ། ། སླར་མེད་པའི་དོན་ཏོ།། སྒྲ་ཐམས་ཅད་ཀྱི་དོན་ནི་ཉེ་བར་ཞི་བའི་དོན་ཏོ།། དེ་དོན་དེས་དོན་ལ་སྟོན་པར་འགྱུར་རོ།། སྒྲ་ཐམས་ཅད་ཀྱང་ཐོས་ལ་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་གང་ལ
192b8 གནས་པར་མི་བྱེད་དེ། ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ལ་འཚོ་ཞིང་གཞེས་ཏེ། ཆོས་ཀྱང་བསྟོན་པ་དེ་དག་གི་ཆོས་བསྟོན་པ་དེ་དག་ཐམས་ཅད




iiif viewer powered by OpenSeadragon

192a - 193a

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo