e-texts navigator
Collection
Volume
Page
Wylie

192a1 གཞན་མ་ཡིན་པར་རབ་ཏུ་ཤེས་སོ། ། དེ་ཉན་ཐོས་མཐོང་བས་སངས་རྒྱས་མཐོང་ལ། སངས་རྒྱས་མཐོང་མ་ཀྱ་། ཐོས་མཐོང་སྟེ། ཡང་དག་པར་མཐོང་བས་མཉམ་པར་མཐོང་ངོ་།། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ།
192a2 མེད་པ་དག་ན་འབོར་བའི་སེམས་ཅན་གང་དག་སེམས་ཅན་དུ་བསྡུ་བས་བསྡུས་པའི་སེམས་ཅན་དམྱལ་བ་འམ། དུད་འགྲོའམ། ཡི་དགས་སམ།། ལྷ་མ་ཡིན་ནམ། ལྷ་འམ། མེ་ཡང་རུང་སྟེ། གཟུགས་མེད་པན་སྤྱོད་པ་མ་གཏོགས་པར།
192a3 དེ་དག་ཐམས་ཅད་ཀྱི་འཆི་འཕོ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། བདེ་འགྲོ་འམ། ངན་འགྲོའམ། བཟང་པོ་རྣམས་མཐོང་ནི་མ་ལན་གི་མ་དུ་ཤེ་། གྲུ་པ་ད། ཡཅན་མས་ན་མ་ཅུ་ན
192a4 ད་དོ། ། དེ་སེམས་ཅན་རྣམས་མཐོང་ཞིང་ལས་ཀྱི་རྣམ་པར་སྨིན་པ་རབ་ཏུ་ཤེས་ཀྱང་བདག་མེད་པའི་མཐའ་ཚད་མར་བྱས་ནས་སེམས་ཅན་རྣམས་ལ་སེམས་ཅན་གྱི་འདུ་ཤེས་སུ་མི་འགྱུར་རོ།། དེ་ལྷའི་མིག་དེས་གཟུགས་སུ་གཏོག།
192a5 པ་ཐམས་ཅད་མཐོང་སྟེ། དངོས་པོ་མེད་པ་ཉིད་ཀྱི་ཕྱིར་གཟུགས་སུ་སྣང་བདེ་དག་ཐངས་ཅད་ཀྱང་སྔོན་གྱི་མཐའ་སྐྱེ་བ་མེད་པའི་ཕྱིར་ཡང་དག་པ་མ་ཡིན
192a6 པར་རབ་ཏུ་ཤེས་ལ། ལྷའི་མིག་སྒྲིབ་པ་མེད་པ་དེ་མངོན་པར་སྒྲུབ་པ་མ་ཡིན་ནོ།། དེ་ཤེས་རབ་ཀྱི་སྟོབས་དང་ལྡན་པས་འདོད་ན་གཟུགས་ཉེ་བར་འཁོང་དུ་གྲུང་པ་དང་། མཚུངས་པར་ཡང་མཐོང་བར་འགྱུར། འདོད་ན་མི
192a7 བར་ཡང་འགྱུར། དེ་འདོད་ན་གཟུགས་ཅུང་ཟད་ཀྱང་ཡོད་ཡེ་མིག་སྔར་སྣང་བར་མི་འགྱུར་རོ།། དེ་སྲོག་ཆགས་འབུམ་ཕྲག་དུ་མའི་ནང་ན་འདུག་ཀྱང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག
192a8 པ་རྣམ་ཀྱིས་གནས་ཏེ། སེམས་ཅན་གང་ཡང་དེའི་མིག་ལམ་དུ་སྣང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་བྱང་ཆུབ་སེམས་དཔའ་ངས་བདག་མེད་པའི་དེ་ཁོ་ན་ཤེས་པའི་ཕྱིར་རོ།། དེ་འདོད་ན་གཟུགས་ན་སྤྱོད་པའི་ལྷའི་ལུས




iiif viewer powered by OpenSeadragon

191b - 192b

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo