| | e-texts navigator
|
191a1 དབང་དྲུགས་པར་ད་པ་ང་ཆུབ་བ་ན་པ་རྫོགས་པར་བྱ་ཆུབ་པའི། དརྣམ་པར་གན་པས་སྨྲས་པ། དག་སློང་བྱང་ཆུ་བ་གང་ལ་པར་ག། བྱུང་རླབས་མེ་དཔ་མ་པས་དང་།
191a2 པ། གྲོགས་པོ་བྱང་ཆུབ་ཀྱི་འཇིག་ཚོགས་ལ་ལྟ་བའི་ངོ་བོ་ཉིད་ལས་བཙལ་བར་བྱའོ།། སྨྲས་པ། ཇི་ལྟར་བཙལ་བར་བྱ། སྨྲས་པ། ཅི་ནས་ཀྱང་བྱང་ཆུབ་དང་བྱང་ཆུབ་ཏུ་ལྟ་བ་ཀུན་ནས་མི་ལྡང་བ་དེ་ལྟར་བཙལ་བར་བྱའོ།། དེ
191a3 ནས་བདུད་རྣམ་པར་གནོན་པས་དགེ་སློང་རྡོ་རྗེའི་ལྟེ་བ་ལ་འདི་སྐད་ཅེས་སྨྲས་སོ། ། དགེ་སློང་ཁྱོད་ཀྱིས་སྟོན་པ་སུ་ཡིན། སུས་རྗེས་སུ་བསྟན་པས་ཁྱོད་ཀྱི་སྤོབས་པ་འདི་ལྟ་བུར་གྱུར་སྨྲས་པ། གྲོགས་པོ་གང་འཇིག་ཚོགས་སམ
191a4 ཤིག་པར་བྱང་ཆུབ་ཐོབ་པ་དེ་ནི་ཁོ་བོའི་སྟོན་པའོ། ། གང་ཉོན་མོངས་པ་དང་རྣམ་པར་བྱེད་པ་ལ་མི་གནས་པ་དེ་ནི་ཁོ་བོའི་སྟོན་པའོ།། གང་འདུ་བྱས་དང་འདུས་མ་བྱས་ལ་རྣམ་པར་ཤེས་པ་མི་གནས་པ་དེ་ནི་ཁོ་བོའི་སྟོན་པའོ།། གང
191a5 གཞན་ལས་མ་མཉན་པར་བླང་བ་མེད་པའི་ཆུ་བོ་མི་གནས་པ་རྒལ་བ་དེ་ནི་ཁོ་བོའི་སྟོན་པའོ། ། གང་ཆོས་ཐམས་ཅད་ལ་རྣམ་པར་ཤེས་པ་མི་འཇུག་ཅིང་ཆོས་རྣམས་ལ་ཤེས་པ་མི་འཕོ་བ་དེ་ནི་ཁོ་བོའི་སྟོན་པའོ།། གང་སྒྲ་ཐམས་ཅད
191a6 ལ། འཇུག་པ་ཉེ་བར་སྒྲུབ་ཅིང་བརྗོད་དུ་མེད་པའི་ཆོས་ཉིད་ལས་ཀྱང་མི་གཡོ་བ་དེ་ནི་ཁོ་བོའི་སྟོན་པའོ།། གང་ཆོས་ཐམས་ཅད་མི་སྐྱེ་བ་དང་། སྐྱེ་བ་ཐམས་ཅད་མི་འབྱུང་བར་བྱ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་ཁོ་བོའི་སྟོན།
191a7 པའོ།། གང་ཚུལ་པོས་དང་། ཕ་རོལ་དང་། དབུས་ན་མི་གནས་པ་དེ་ནི་ཁོ་བོའི་སྟོན་པའོ།། གང་ཆོས་ཐམས་ཅད་མི་སྐྱེ་བའི་ཕྱིར་སྐྱེས་པ་དེ་ནི་ཁོ་བོའི་སྟོན་པའོ།། གང་ཆོས་ཐམས་ཅད་འགོག་པ་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་དེ
191a8 ནིཁོ་བོའི་སྟོན་པ་སྟེ། དེས་རྫས་སུ་བསྟན་པ་ལས་ཁོ་བོའི་སྤོབས་པ་འདི་ལྟ་བུར་གྱུར་ཏོ།། བདུད་རྣམ་པར་གནོན་པས་སྤྲས་པ། དེ་བཞིན་གཤེགས་པ་དེ་ཆོས་ཀྱི་འཁོར་ལོ་ཇི་ལྟར་སྐོར། བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བས་སྤྲས་པ། གཟུག
iiif viewer powered by OpenSeadragon
190b - 191b