| | e-texts navigator
|
190a1 ཇུག་པ་གཟུགསས་པར་མ་འཛིན་པ་དག། པ་དང་འཇུག་པ་དང་། དུ་བྷ་། ། ཨུ་ཤེས་པ་ལ་ས་མི་ཛིན་དུན་འི་དམ་། པ་ཞན་ས
190a2 འཇུག་པ་གང་ཡིན་པ་དེ་ཁོ་བོའི་འཇུག་པའོ། ། སྨྲས་པ་དགེ་སློང་ཇི་ལྟར་འཇུག་སྨྲས་པ། རྣམ་པར་གནོན་པ་སོ་སོའི་སྐྱེ་བོའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་ཐམས་ཅད་མཉམ་ཞིང་གཉིས་སུ་མེད།
190a3 པ་དང་། སློབ་པའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དང་། མི་སྒྲུབ་པའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་གུ་ཡིན་པ་དེ་དག་མཉམ་ཞིང་གཅིས
190a4 སུ་མེད་པ་དང་། རང་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དང་། འདས་པའི་ཆོས་གང་དག་ཡིན་པ་དང་། མ་འོངས་པའི་ཆོས་གང་དག་ཡིན་པ་དང་། ད
190a5 ལྟར་བྱུང་བའི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དེ་ནི་སྐྱེ་བ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་དང་། འབྱུང་བ་མེད་པ་མཉམ་པ་ཉིས་ཀྱིས་མཉམ་པ་དང་། འགག་པ་མེད་པ་མཉམ་པ་ཉིད་ཀྱིས་མཉམ
190a6 པ་སྟེ། མཉམ་པ་ཉིད་འདི་རྣམས་མི་སྤོང་བ་གང་ཡིན་པའི་མཉམ་པ་ཉིད་དེ་བསྟན་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་འཆད་པར་འདོད་དོ།། གྲོགས་པོ་ཡང་དག་པར་འཇུག་པ་འདི་ནི་འདོད་པའི་ཁམས་སུ་འཇུག་པ་མ
190a7 ཡིན། གཟུགས་ཀྱི་ཁམས་སུ་འཇུག་པ་མ་ཡིན།། གཟུགས་མེད་པའི་ཁམས་སུ་འཇུག་པ་མ་ཡིན་ནོ།། གང་དག་མཉམ་པ་ཉིད་ལ་གནས་པ་དག་ནི་ཆོས་ཉིད་ལས་མི་གཡོ།། རྣམ་པར་མི་གཡོ།། འགྲོ་བར་མི་བྱེད། མི་གྲོ་བར
190a8 མི་བྱེད་དོ། ། གྲོགས་པོ་དེ་དག་ནི་ཡང་དག་པར་འཇུག་པ་ཞེས་བྱའོ།། དེ་བཞིན་ཉིད་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པ་ཡང་དེ་ཡིན་ནོ།། ཆོས་ཀྱི་དབྱིངས་ཀྱི་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པ།
iiif viewer powered by OpenSeadragon
189b - 190b