e-texts navigator
Collection
Volume
Page
Wylie

189b1 ཀླུགླ་གི་བྲིམ་སྙེད་དུ་སྤྱོད་ཅིང་སེམས་ཡོངས་སུ་བལྟས་སུ་ཟིན་ཀྱང་རྙེད་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ནིནང་ནས་ཀྱང་མི་རྙེད། བྷི་རོལ་ནས་ཀྱང་མི་རྙེ་གཉི་ས་མ་པ་ཡང་མི་རྙེད་པའི་ཕྱིར་རོ།། སོགས་པོ་ཁྱོད་ཀྱི་སྙམ
189b2 མཁན་གྱི་སྤྲུལ་པ་ལ་སེམས་ཀྱི་རྒྱུ་བ་རྙེད་དམ། སྨྲས་པ་དགེ་སློང་དེ་ནི་མི་རྙེད་དོ།། སྒྱུ་མ་མཁན་གྱིས་སྤྲུལ་པ་ལ་སེམས་ཀྱང་མེད། སེམས་པ་ཡང་མེད་ན་དེག་ལ་རྙེད། སྨྲས་པ། གྲོགས་པོ་ཆོས་ཐམས་ཅད་ནི་སྒྱུ་མར་སྤྲུལ་པའི་ངོ་བོ་ཉིད་དུ་དེ་བཞིན།
189b3 གཤེགས་པས་བཤད་པ། དེའི་ཕྱིར་དེ་ལ་སེམས་དང་སེམས་པ་མི་རྙེད་དོ།། སྨྲས་པ། གལ་ཏེ་དགེ་སློང་ཁྱོད་སེམས་སེམསམམ་པ་མི་རྙེད་ན་ཁྱོད་ཇི་ལྟར་འགྲོ་བ་འམ། འོང་བ་དང་། ཚིག་ཏུ་སྨྲ་བ་བྱེད། སྨྲས་པ། འདི་ལྟ་སྟེ། དཔེར་ན་སྒྱུ་མ
189b4 མཁན་གྱིས་སྤྲུལ་པའི་མི་འོང་བ་དང་། འགྲོ་བ་དང་། ཚིག་སྨྲ་བར་བྱེད་པ་ལྟར་ཁོ་བོའི་འོང་བ་དང་། འགྲོ་བ་དང་། ཚིག་སྨྲ་བར་ཡང་དེ་དང་འདྲའོ།། སྨྲས་པ། དགེ་སློང་ཁྱོད་བརྩོན་འགྲུས་རྩོམ་པ་འདི་དང་། ཚུལ་ཁྲིམས་ལ་གནས་པ་འདི་དང་། ཆོས
189b5 འཕགས་པ་ལ་སྦྱོར་བ་འདི་དང་། འཇུག་པ་འདིས་ཅི་ཞིག་འདོད། སྨྲས་པ། གནས་མེད་པ་འདོད་དོ།། སྨྲས་པ། གནས་མེད་པ་ཇི་ལྟར་འདོད།། སྨྲས་པ། དེ་ལ་འགྲོ་བ་མེད་པས་འགྲོ་བ་འམ། འགྲོ་བར་འགྱུར་བ་གང་ཡང་མེད་དེ། གྲོགས་པོ
189b6 གནས་མེད་པ་ཞེས་བྱ་བ་དེ་ནི་སྨོན་པ་མེད་པའི་ཚིག་བླ་དགས་སོ། ། ཡང་བརྩོན་འགྲུས་རྩོམ་པ་འདི་དང་། ཚུལ་ཁྲིམས་ལ་གནས་པ་འདི་དང་། ཆོས་འཕགས་པ་ལ་སྦྱོར་བ་འདི་དང་། འཇུག་པ་འདིས་ཅི་ཞིག་འདོད་ཅེས་རྣམ་པར
189b7 གནོན་པ་ཁྱོད་ཀྱིས་སྨྲས་པ། དེ་གཟུགས་སྐྱེ་བར་མི་འདོད། འགག་པར་མ་སོད། གནས་པར་མི་འདོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བར་མི་འདོད།། འགག་པར་མི་འདོད།། གནས་པར་མི
189b8 འདོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བར་མི་འདོད། འགག་པར་མི་འདོད་གན་པ་མི་དོད། ཆོ་ཐམས་ཅད་ཀྱང་སྐྱེ་བར་མི་འདོད། འགག་པར་མི་འདོད། གནས་པར་མི་འདོད་དེ། རྣམ་པར་གནོན་པ




iiif viewer powered by OpenSeadragon

189a - 190a

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo