| | e-texts navigator
|
189a1 ཐོགས་པ་ཇི་སྙེད་ཡོད་པ་མེ་ཏོག་ཁ་དོག་སྣོཚོགས་པའི་འཕྲེང་བ་བསྲང་ཞིམ་པ། ཡིད་དུ་འོང་ག་བསྟན་སྡུག་པ་དེ་སྙེད་གནས་པར་གྱུར་ཏོ།། དྲད་དེ་རྣམས་ཀྱང་དགེ་སློང་ག་གཟུགས་དེ་ལྟ་བུ་ཉིད་ད་གྱུར་ཏེ། དེ་དག
189a2 ཐམས་ཅད་རབ་ཏུ་བྱུང་བའི་ཁོངས་སུ་གཏོགས་ཤིང་གོས་ངུར་སྡིག་བགོས་ལ། བསྒྲ་དང་བསྤུ་བྲེགས་པར་སྣང་བར་གྱུར་ཏོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནས་བདྲད་རྣམ་པར་གནོན་པས་དགེ་སློང་དེའི་ཚེ་འཕྲུལ་རྒྱ་རྒན་པོ
189a3 མཐོང་ནས་ངོ་མཚར་དུ་གྱུར་ཏེ། གཡོག་འཁོར་དང་བཅས་པར་དགེ་སློང་དེའི་རྐང་པ་ལ་གཏུགས་ནས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་ཁྱོད་ཀྱིས་ཆོས་གང་དག་ཐོབ་པས་ཁྱོད་ལ་འདི་ལྟ་བུའི་བྱིན་གྱི་རླབས་ཡོད་པར
189a4 གྱུར། དེ་སྐད་ཅེས་སྨྲས་པ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དགེ་སློང་རྡོ་རྗེའི་ལྟེ་བས་བདུད་རྣམ་པར་གནོན་པ་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་བྱིན་གྱི་བརླབས་འདི་ནི་རྙེད་པ་ལས་གྱུར་པ་མ་ཡིན་གྱི། ཆོས་ཐམས་ཅད
189a5 དམིགས་སུ་མེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། ། གྲོགས་པོ་བྱིན་གྱི་རླབས་འདི་ནི་རྙེད་པ་ལས་མ་གྱུར་གྱི་ཆོས་ཐམས་ཅད་མ་རྙེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ།། གྲོགས་པོ་བྱིན་གྱི་རླབས་འདི
189a6 ནི་ལུས་དང་། ངག་དང་། སེམས་ལ་གནས་པ་ལས་གྱུར་པ་མ་ཡིན་གྱི། ཆོས་ཐམས་ཅད་ལ་མི་གནས་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ།། གྲོགས་པོ་བྱིན་གྱི་རླབས་འདི་ནི་མཚན་མར་འཛིན་པ་ལས་གྱུར་པ་མ་ཡིན་གྱི
189a7 མཚན་མ་མེད་པ་ལས་བྱིན་གྱི་རླབ་ས་འདི་ཡོད་པར་གྱུར་ཏོ། ། བྱིན་གྱི་རླབས་འདི་ནི་ཆོས་གང་ལ་ཡང་གནས་ཤིང་གནས་པ་མེད་པ་ལས་བྱིན་གྱིས་རླབས་འདི་ཡོད་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ལ་བདུད་རྣམ
189a8 པར་གནོན་པས་འདི་སྐད་ཅེས་སྨྲས་སོ། ། དགེ་སློང་ཁྱོད་སེམས་ལ་ཁོ་བོས་ལོ་སྟོང་དུ་ལྟས་ན་ཁྱོད་ཀྱི་སེམས་ཀྱི་རྒྱུ་བ་མ་མཐོང་ངོ་།། དེ་ནས་དགེ་སློང་རྡོ་རྗེའི་ལྟེ་བས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་གྲོགས་པོ་ཁྱོད་ཀྱིས་བསྐལ་པ་གང་གཱའི
iiif viewer powered by OpenSeadragon
188b - 189b