| | e-texts navigator
|
188b1 སློང་དེའི་སེམས་ཀྱི་སྤྱོད་པ་ལ་གྲགས་ལ་ཞིང་ལོ་སྟོང་དུ་རྗེས་སུ་འབྲང་བར་གྱུར་ཏོ། ། དེས་ལེ་སྟོང་དུ་ཡང་དགེ་སློང་དེའི་སེམས་རྣམ་པར་གཡེང་བ་གང་གིས་སྡང་བར་འགྱུར་བ་དང་། འཆེ་བར་འགྱུར་བ་དེ
188b2 ལྟ་བུའི་སེམས་རྣམ་པར་གཡེང་བའི་སེམས་སྐྱེ་བ་གཅིག་ཀྱང་མ་མཐོང་ངོ་། ། དེ་ནས་བདུད་ཀྱི་བུ་རྣམ་པར་གནོན་པ་ལོ་སྟོང་འདས་ནས་གཡོག་འཁོར་དང་བཅས་ཏེ། ལུས་ཆེན་པོ་མངོན་པར་བསྟན་ནས
188b3 རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མངའ་བོ་ཆེ་ལག་ན་ཐོགས་པ་རྣམས་ཀྱི་དགེ་སློང་དེའི་མདུན་དུ་འཇིགས་པ་སྟོན་པར་གྱུར་ཏོ།། དགེ་སློང་རྡོ་རྗེའི་ལྟེ་བས་བདུད་ཀྱི་འཁོར་ཆེན་པོ་རལ་གྲི
188b4 དང་། མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་ཆེ་ཐོགས་པ་རྣམས་ཀྱིས་འཇིགས་པ་སྟོན་པར་མཐོང་ངོ་།། མཐོང་ནས་ཀྱང་ཚིག་འདི་སྐད་ཅེས་སྨྲས་སོ།། བདག་གིས་བདེན་པའི་ཚིག་གང་གིས་བདག་ཆོས
188b5 འཕགས་པ་འདི་ལ་སྦྱོར་བ་ན་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཚུལ་བཞིན་དུ་སྦྱོར་བ་ཤིན་དུ་ཡོངས་སུ་དག་པ་ལྟ་ན་བདེན་པདང་བདེན་པའི་ཚིག་དེས་བདུད་རྣམས་དང་། བདུད་ཀྱི་འཁོར་རྣམས་ཀྱི་རལ་གྲི་དང་།
188b6 མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་ཆེ་ལ་སོགས་པ་ཇི་སྙེད་ལག་ན་ཐོགས་པ་འདི་དག་མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་བང་ཤི་ཀ་དང་།
188b7 མཁན་པའི་ཕྲེང་བ་རྣམས་སུ་གྱུར་ཅིག། བདུད་རྣམས་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱང་བདག་གི་གཟུགས་དང་། ལུས་དང་། ཁ་དོག་དང་། སྨོན་ལམ་ཅི་འདྲ་འདྲ་བ་ཁོ་ནར་གྱུར་ཅིག། ཅེས་སྨྲས་ཏེ། རྣམ་པར་འཕྲུ
188b8 པའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་རྡོ་རྗེའི་ལྟེ་བས་ཚིག་དེ་སྐད་སྨྲས་མ་ཐག་ཏུ་བདུད་རྣམས་དང་། བདུད་ཀྱི་འཁོར་དེ་རྣམས་ཀྱི་རལ་གྲི་དང་། མདའ་གཞུ་དང་། མདྲང་ཐུང་དང་། མདའ་བོ་ཆེ་ལ་སོགས་པ་ལག་ན
iiif viewer powered by OpenSeadragon
188a - 189a