e-texts navigator
Collection
Volume
Page
Wylie

188a1 མོས་པ་དེ་ནི་ཚུལ་ཁྲིམས་སོ། ། གང་རྙེད་པ་དང་བཀུར་སྟི་དོན་དུ་མི་གཉེར་བ་དེ་ནི་ཚུལ་ཁྲིམས་སོ།། གང་སྟོང་པ་ཉིད་ཀྱིས་མི་སྐྲག་པ་དེ་ནི་ཚུལ་ཁྲིམས་སོ།། གང་མཚན་མ་མེད་པ་སྒོམ་པ་དེ་ནི་ཚུལ་ཁྲིམས་སོ།།
188a2 སྟོན་པ་དང་བྲལ་བ་དེ་ནི་ཚུལ་ཁྲིམས་སོ།། གང་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ནི་ཉིད་ཀྱིས་རློམ་སེམས་སུ་མི་བྱེད་པ་དེ་ནི་ཚུལ་ཁྲིམས་སོ།། གང་ཚུལ་ཁྲིམས་དེས་བདག་ལ་མི་བསྟོད་པ་དང་། གཞན་ལ་མི་སྤོད་པ་དེ་ནི་ཚུལ་ཁྲིམས་སོ།།
188a3 གང་སྐྱེ་མཆེད་རྣམས་ལ་མངོན་པར་དགའ་བ་མེད་པ་ནི་ཚུལ་ཁྲིམས་སོ།། གང་ཡུལ་ལ་མི་འབྲོ་བ་དེ་ནི་ཚུལ་ཁྲིམས་སོ།། གང་ཕུང་པོ་རྣམས་ཆོས་ཀྱི་ཕུང་པོ་དང་མཉམ་པ་ཉིད་དེ་ནི་ཚུལ་ཁྲིམས་སོ། གང་འམས་རྣམས་ཆོས་ཀྱི
188a4 དབྱིངས་དང་མཉམ་པ་ཉིད་དེ་ནི་ཚུལ་ཁྲིམས་སོ། ། གང་རྩོད་པ་དང་འཐོབ་པ་མེད་པ་གཙོ་བོར་གྱུར་པ་དེ་ནི་ཚུལ་ཁྲིམས་སོ།། གང་དགེ་བའི་ཆོས་རྣམས་ལ་བརྩོན་པ་མི་གཏོང་ག་ནི་ཚུལ་ཁྲིམས་སོ།། གང་ཆོས་ཐམས
188a5 ཅད་ཤིན་དུ་ཞི་བ་དང་། རབ་ཏུ་ཞི་བར་ཤེས་ཤིང་རབ་ཏུ་ཤེས་ཏེ་ལུས་ཀྱིས་བསྒྲུབས་ནས་གནས་པ་དེ་ནི་ཚུལ་ཁྲིམས་སོ་སྙམ་མོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ཚུལ
188a6 ཁྲིམས་ལ་རབ་ཏུ་གནས་པ་དེ་ལྟ་བུ་དང་ལྡན་ཞིང་ཆོས་འཕགས་པ་ལ་སྦྱོར་བ་འདི་དང་། ཆོས་སྟོན་ལོག་པར་ཚུལ་བཞིན་ཡིད་ལ་བྱེད་པ་འདི་ལ་གནས་ཤིང་དགེ་སློང་དེ་ཚུལ་ཁྲིམས་ལ་གནས་པ་དེ་དང་། ཆོས་འཕགས
188a7 པ་ལ་སྦྱོར་བ་དེ་དང་། ཚུལ་ཁྲིམས་ཡིད་ལ་བྱེད་པ་དེ་རྩོམ་ཞིང་འཆགས་ན་འཆག་པ་དང་། བདུད་ཀྱི་བུ་རྣམ་པར་གནོན་པ་ཞེས་བྱ་བ་འཁོར་དང་བཅས་པ་བདུད་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱང་དཔུང
188a8 དང་། གཡོག་འཁོར་དུ་བཅས་པ་ཐམས་ཅད་ཀྱང་གོ་མཚན་དང་བཅས་པཤ་སྟག་དང་ལྷན་ཅིག་ཏུ་བགེགས་ཀྱི་ལས་བྱེད་པར་འོངས་ཏེ། ལུས་ཕྲ་མོར་བྱིན་གྱིས་བརླབས་ནས་ལུས་མི་སྣང་བར་བྱས་ཏེ། དགེ




iiif viewer powered by OpenSeadragon

187b - 188b

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo