e-texts navigator
Collection
Volume
Page
Wylie

186b1 མཐང་གནས་སུ་འགྲ་བར་ཚུལ་ཐམས་དང་། ཆས་ཟབ་མ་ལམས་པར་ཚུལ་ཐམས་དང་། མག་པ་ཤེས་པ་ཉམས་པ་མ་པའི་ཚུས་ཁྲིམས་དང་། སྟོང་པ་ཉིད་དང་། མཅན་མ་མ་པ་དང་། སྨན་པ་མེད་པ་སྒོམ་པར
186b2 ཚུལ་ཁྲིམས་དང་། ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་ཆོས་སྡུད་ཅིང་ཡང་དག་པར་སྟོན་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཚུལ་ཁྲིམས
186b3 དང་། བྱམས་པས་རྗེས་སུ་བསྲུང་བའི་ཚུལ་ཁྲིམས་དང་། སྙིང་རྗེ་ཆེན་པོ་ཆེ་བར་གྱུར་པའི་ཚུལ་ཁྲིམས་དང་། དག་ཅིང་དང་བའི་ཚུལ་ཁྲིམས་དང་། སྤྱོད་ལམ་མ་བཏགས་པའི་ཚུལ་ཁྲིམས་དང་། སྦྱངས་པའི་ཡོན་ཏན
186b4 དང་། ཡོ་བྱད་བསྙུང་བ་ལ་གནས་པའི་ཚུལ་ཁྲིམས་དང་། བསོད་ནམས་ཀྱི་སྦྱིན་གནས་སུ་གྱུར་པའི་ཚུལ་ཁྲིམས་དང་། ཤིན་དུ་རྣམ་པར་དག་པའི་ཚུལ་ཁྲིམས་དང་། དེ་བཞིན་གཤེགས་པའི་རིགས་རྒྱུན་མི་འཆད
186b5 པའི་ཚུལ་ཁྲིམས་དང་། ཆོས་ཀྱི་རིགས་ཡོངས་སུ་སྲུང་བའི་ཚུལ་ཁྲིམས་དང་། འཕགས་པའི་དགེ་འདུན་འཁྲུགས་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གནས་པའི་ཚུལ་ཁྲིམས་དང་། ཕ་རོལ་ཏུ་ཕྱིན
186b6 པ་དྲུག་གིས་ཉེ་བར་བརྟན་པའི་ཚུལ་ཁྲིམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་སྒོམ་པའི་ཚུལ་ཁྲིམས
186b7 དང་། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚུལ་ཁྲིམས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གང་སྨོན་པ་དེ
186b8 འགྲུབ་པར་འགྱུར་རོ། ། ཅི་ཞིག་སྨོན་ཅེ་ན། དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་སྲེག་པའི་བསྐལ་པ་ཆེན་པོའི་མེས་རབ་ཏུ་གང་ཞིང་འདུག་པ་ལ་གལ




iiif viewer powered by OpenSeadragon

186a - 187a

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo