e-texts navigator
Collection
Volume
Page
Wylie

186a1 ལ་འགོད་པར་བྱེད་པ་དང་། སྨོན་ལམ་ཕུན་སུམ་ཚོགས་པར་འགྱུར་བ་དང་། འདི་ལྟ་སྟེ།། བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟུལ་ཞུགས་གྲུབ་པར་འགྱུར་བ་ངས་བཤད།
186a2 བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣམ
186a3 པར་འཕྲུལ་པའི་རྒྱལ་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་སྟེ། གནི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་རྣམ་པར་འཕྲུལ་བ་དང་། མངོན་པར་ཤེས་པའི་རྣམ་པར་འཕྲུལ
186a4 པ་དང་། ཤེས་པའི་རྣམ་པར་འཕྲུལ་པ་དང་། ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པའོ།། རྣམ་པར་འཕྲུལ་པའི
186a5 རྒྱལ་པོ་དེ་ལ་ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་པ་གང་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་ཏེ། མ་རལ་པའི་ཚུལ་ཁྲིམས་དང་། མ་ཞིག་པའི་ཆུལ
186a6 ཁྲིམས་དང་། མ་འདྲེས་པའི་ཚུལ་ཁྲིམས་དང་། རྙོག་པ་མེད་པའི་ཚུལ་ཁྲིམས་དང་། དམིགས་པ་མེད་པའི་ཚུལ་ཁྲིམས་དང་། གནོད་པ་མེད་པའི་ཚུལ་ཁྲིམས་དང་། མ་སྨད་པའི་ཚུལ་ཁྲིམས་དང་། མི་གདུང་པའི་ཚུལ་ཁྲིམས
186a7 དང་། ། ལེགས་པར་ཡོངས་སུ་བསྲུང་བའི་ཚུལ་ཁྲིམས་དང་། མཁས་པ་སོ་བསྔགས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང་། དམ་པའི་ཆོས་ཡོངས་སུ་སྲུང་བའི་ཚུལ
186a8 ཁྲིམས་དང་། ། ཕ་རོལ་བདེ་བ་དང་། མཆོག་ཏུ་དགའ་བ་དང་། མགུ་བའི་ཚུལ་ཁྲིམས་དང་། སྲིད་པའི་འགྲོ་བ་ཐམས་ཅད་དུ་སྐྱེ་བ་ལ་མི་གནས་པའི་ཚུལ་ཁྲིམས་དང་། ཞི་གནས་ལ་གནས་པའི་ཚུལ་ཁྲིམས་དང་། ལྷག




iiif viewer powered by OpenSeadragon

185b - 186b

Texts on this page

Q834 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo