| | e-texts navigator
|
180b1 སྦྱིན་བྱིན་ཡང་། བླན་མེད་པའི་སྦྱིན་པ་ཞེས།། དེ་ནི་གས་པར་མི་འགྱུར་རོ།། གང་ཤིག་བསྐལ་པ་བཅུརྣམས་ས།། འཇིག་རྟེན་པ་ཡི་ཚུལ་ཁྲིམས་བསྲུང།། དེ་ནི་དམིགས་ལ་གནས་བས་ན།། རྡུལ་ཁྲིམས་དེ་ནི་དག་པ་བྲང། གཤིནཔ་མ
180b2 ཀྱིས་བསྔགས་པའི། ། མདོ་སྡེ་ཟབ་མོ་འདི་འཛིན་པ།། ཚུལ་ཁྲིམས་དེ་ནི་བླན་མེད།། སངས་རྒྱས་ཀུན་གྱིས་བསྔགས་པ་ཡིན།། གངར་དིང་བསྐལ་པ་བཅུ་རྣམས་སུ།། བཟོད་པ་སྨྲ་བའི་མིར་གྱུར་ལ།། གཤེ་བར་བྱེད་པའི་སྲོག་ཆགས་རྣམས།།
180b3 ཀུན་ལ་བཟོད་པར་བྱེད་གྱུར་ཀྱར།། འདི་ན་ཚུལ་འདི་མ་ཐོས་ན།། བཟོད་པ་དེ་ནི་བསྔགས་མ་ཡིན།། གང་ཞིག་མདོ་སྡེ་འདི་འཛིན་ཅིང་།། གཞན་དག་ལ་ཡང་རབ་སྟོན་ན།། བཟོད་པ་དེ་ནི་བླན་མེད།། སངས་རྒྱས་ཀུན་གྱིས་བསྔགས་པ་ཡིན།།
180b4 གང་ཞིག་ཚུལ་འདི་མ་ཐོས་པར།། བསྐལ་པ་དག་ནི་བཅུ་རྣམས་སུ།། འཆག་པ་དག་ལས་མི་འདའ་ཡང་།། བརྩོན་འགྲུས་དེའི་བསྔགས་མ་ཡིན།། གང་ཞིག་སངས་རྒྱས་ཀྱིས་བཤད་པ།། མདོ་སྡེ་ཟབ་མོ་འདི་འཛིན་ན།། བརྩོན་འགྲུས
180b5 དེ་ནི་བླ་ན་མེད། ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི།། གང་ཞིག་བསྐལ་པ་བཅུ་རྣམས་སུ།། བས་པ་གཏན་ལྡན་པའི་མིང་གྱུར་ལ།། བསམ་གཏན་རོ་མོ་འདི་གནས་ན།། བསམ་གཏན་པ་ཞེས་དེ་མི་བརྗོད།། ནང་དང་ཕྱི་རོལ་རྣམས་ལ་ཡང
180b6 རྡུལ་ཙམ་ཆོས་ཀྱང་མེ་རྟོག་ན། ། བསམ་གཏན་དེ་ནི་བླན་མེད།། ད་ནི་བསམ་གཏན་པ་ཞེས་བྱ།། དེ་ལྟར་སྦྱིན་དང་ཚུལ་ཁྲིམས་དང་། བཟོད་པ་དང་ནི་བརྩོན་འགྲུས་དང་།། བསམ་གཏན་ཤེས་རབ་མཉམ་ཉིད་ཀྱིས།། དེ་ནི་བྱང་ཆུབ་མྱུར
180b7 འཐོབ་འགྱུར། ། བཅོམ་ལྡན་འདས་ཀྱིས་དེས་དཅས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཤཱཀྱའི་བུ་བ་བྱེད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་མི་དང་ལྡམ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་མི
180b8 རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་བདདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་པྲཛྙཱ་པ་ར་མ་དང་། ཁྭ་ཆེན་གྱི་ལོཙ་མ་བན་།
iiif viewer powered by OpenSeadragon
180a - 181a