| | e-texts navigator
|
180a1 པར་རབ་ཏུ་སྟོན་པར་འགྱུར་རོ། ། དེ་དག་ཕྱིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་འདས་ནས་བསྐལ་པ་བཟང་པོ་ཞེས་བྱ་བ་འདི་ཉིད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི
180a2 བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ལ་འགྱོད་ཅིང་མཆི་མས་སངས་ལ་དྲ་བཞིན་དུ་གྱུར་ཏེ། དེ་ཉིད་ནས་ཕྱིར་འགྲོ་ཞིང་ཚིག་འདི་སྐད་དུ། བཅོམ་ལྡན་འདས་ཆོས་ཀྱི་རྣམ
180a3 གྲངས་འདི་སླད་ཆད་མི་བཤད་དུ་གསོལ། ཞེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྡིག་ཅན་ཁྱོད་དེ་སྐད་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་ཐོགས
180a4 མ་མེད་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ
180a5 བ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམཐངས་འདི་བྱང་ཆུབ་སེམས་དཔའ་ངས་པར་འབྱུང་བ་ཞེས་བྱ་བར་ཟུང་ཤིག། བདེ་བྱེད་ཀྱི་ཞུས་པ་ཞེས་བྱ་བར་ཡང་ཟུ་ཤིག། ཀུན་དགའ་བོངས་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་གཏ་དེ་བཟུང་བ་དང་། ཀློག་པ་དང་། བཤད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར།
180a6 ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་གཏད་དོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རིགས་ཀྱི་བུའི། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་གིས་ཤེས་རབགྱིས་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་ཕ་རོལ་ཏུ
180a7 ཕྱིན་པ་ལྔ་པོ་དག་ལ་བསྐལ་པ་བཅུར་སྤྱད་པ་པས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན
180a8 པ་དང་། ཟ་ན་གླེགས་བམ་དུ་བྱས་ཏེ། འཆང་པ་དེ་ནི་དེ་བསོད་ནམས་ཆེས་མང་དུ་བསྐྱེད་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། གང་ཞིག་ཚུལ་འདི་མ་ཐོས་པར།། བསྐལ་པ་བཅུར་ནི
iiif viewer powered by OpenSeadragon
179b - 180b