| | e-texts navigator
|
178b1 བསྟན་ན་ཞི་བ་མེད་པ་སྟེ། ། དེ་བས་ཡོངས་སུ་སྤོངས་ལ་བྱང་ཆུབ་སྤྱོང། དེ་ནས་ཤཱཀྱའི་བུ་བ་བྱེད་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུལ་ཡིད་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་རང་གི།
178b2 ལུས་ལས་རྒྱན་བཀྲོལ་ཏེ།། བཅོམ་ལྡན་འདས་གལ་བད་ལོགས་སུ་གཏོར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་རྒྱན་དེ་དག་བཅོམ་ལྡན་འདས་ཀྱི་དབུའི་དྲང་ཐོད་ཀྱི་སྟེང་གི་བར་སྣང་ལ་རིན་པོ་ཆེའི་ཁང་པ་བརྩེགས
178b3 བ་ཞིག་ཏུ་འདུག་པར་གྱུར་ནས། རིན་པོ་ཆེའི་ཁང་པ་བརྩེགས་པ་དེ་ནས་མི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྔ་བརྒྱ་བྱུང་ནས་བཅོམ་ལྡན་འདས་ལ་རྒྱན་རྣམ་འཐོར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
178b4 ཆུབ་ཏུ་ཡང་སེམས་བསྐྱེད་ནས་ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག་གི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བགྱིས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས
178b5 སུ་བསྔོ་བར་བགྱིའོ་ཞེས་འཛེར་ཏོ། ། དེ་ནས་ཤཱཀྱའི་བུ་བདེ་བྱེད་ཀྱིས་ཀྱང་སྤྲུལ་པའི་མི་དེ་དག་མཐོང་ངོ་།། མཐོང་ནས་ཀྱང་ལུས་ཀྱི་སྤུ་ཟིང་ཞེས་བྱེད་པར་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
178b6 བཅོམ་ལྡན་འདས་མི་འདི་རྣམས་གང་ནས་མཆིས། ཤར་ཕྱོགས་སམ། ལྷོ་ཕྱོགས་སམ། ནུབ་ཕྱོགས་སམ། བྱང་ཕྱོགས་སམ། འོག་གམ། སྟེང་གི་ཕྱོགས་སམ།། འོན་ཏེ་ཕྱོགས་མཚམས་གང་ནས་མཆིས།།
178b7 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རིགས་ཀྱི་བུ་མི་འདི་རྣམས་ནི་ཤར་ཕྱོགས་ནས་མ་འོངས། ལྷོ་དང་། ནུབ་དང་། བྱང་ཕྱོགས་དང་། འོག་དང་། སྟེང་གི་ཕྱོགས་དང་། ཕྱོགས་མཚམས་གང་ནས་མ་འོངས་ཏེ། འདི་རྣམས་ན
178b8 ལྷ་མ་ཡིན། ཀླུ་མ་ཡིན།། གནོད་སྦྱིན་མ་ཡིན། དྲི་ཟ་མ་ཡིན།། ལྷ་མ་ཡིན་མ་ཡིན། ནམ་མཁའ་ལྡིང་མ་ཡིན། མི་འམ་ཅི་མ་ཡིན།། ལྟོ་འཕྱེ་ཆེན་པོ་མ་ཡིན། མི་མ་ཡིན། མི་མ་ཡིན་པ་མ་ཡིན་ནོ།། སའི་ཁམས་ལ་མི་བརྟེན། ཆུའི་ཁམས
iiif viewer powered by OpenSeadragon
178a - 179a