e-texts navigator
Collection
Volume
Page
Wylie

178a1 བཤེས་གཉེན། ཡོངས་སུ་མི་གཏད་སྟེ།། ད་ལ་བྱང་ཆུབ་པཅག་ནི་དཀའ་བ་ཟང་། རིགས་ཀྱི་བྲག་ནན་ཡང་བྱང་ཆུབ་སེམས་དཔའ་ཚས་པན་དང་ལྡནན། བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས
178a2 ཕྱིར་མི་ལྡོག་ཅིང་ཇི་སྐད་སྨོས་པའི་ཡོན་ཏན་མུན་སུམ་ཚོགས་པ་ཡང་རྗེས་སུ་འཐོབ་བོ། ། བཞི་གང་ཞེན། རིགས་ཀྱི་བུ་འདི་ལ་ཆོསདོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་། ཆོས
178a3 འཛིན་པ་དང་། ཆོས་སྟོན་པ་ཡིན། བུད་མེད་ཡོངས་སུ་སྤོང་ཞིང་བུད་མེད་ལ་སྙན་པར་མི་བྱེད་པ་ཡིན། སྦྱིན་པའི་བདག་པོ་དང་། ཀུན་བགེང་བའི་དང་ཚུལ་ཅན་དང་། ཀུན་བགད་པ་ལ་དགའ་བ་དང་། རྨུགས་པ་དང་། གཉིད
178a4 ཡོངས་སུ་སྤོང་བ་ཡིན། སྟོང་པ་ཉིད་ལ་མོས་པ་དང་། སྟོང་པ་ཉིད་ལ་གནས་པ་ཡིན་ཏེ། རིགས་ཀྱི་བུ་ཆོས་བཞི་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས
178a5 ཕྱིར་མི་ལྡོག་ཅིང་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཀྱང་འཐོབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུས་ནས་དེ་བཞིན་དུ་སྟོན་པས་གཞན་ཡང་འདི
178a6 སྐད་ཅེས་བཀའ་སྩལ་ཏོ། ། སེམས་ཅན་གང་དག་ཆོས་ནི་འདོད་པ་དང་། ཆོས་ཀྱི་དོན་དུ་བརྩོན་འགྲུས་སྐྱེད་པ་དཀོན།། གང་དག་ཆོས་ཀྱི་འཁོར་ལོ་བསྐོར་བྱེད་པ།། དེ་དག་ཡེ་ཤེས་དམ་པ་ཐོབ་པར་འགྱུར།། གཞན་ལས་ཐོས་ནས
178a7 ཡང་དག་འཛིན་བྱེད་ཅིང་། ། ཕ་རོལ་དོན་དུ་གཉེར་ལ་ཆོས་སྟོན་པ།། ཤེས་ལྡན་དེ་དག་འཁོར་དུ་ཞུམ་པ་མེད།། བླ་མེད་བྱང་ཆུབ་མཆོག་ལ་རེག་པར་འགྱུར།། ལོག་པར་ལྟུང་རྒྱུ་བུད་མེད་རྣམ་པར་སྤངས།། རྒྱལ་སྲས་རྟག་ཏུ་ཚངས་པ
178a8 སྤྱོད་པར་འགྱུར། ། ཚངས་པར་སྤྱོད་ལ་བརྟན་པར་དེ་གནས་ཤིང་།། འཁོར་ལོ་བླ་མེད་དམ་པ་བསྐོར་བར་བྱེད།། བུད་མེད་རྣམས་ལ་མཚན་མ་འགའ་ཡོད་དེ།། འདི་ལྟར་སྡུག་བསྔལ་ཉམས་ཐག་སྐེམ་པར་འགྱུར།། དེ་དག




iiif viewer powered by OpenSeadragon

177b - 178b

Texts on this page

Q832 - 'phags pa bde byed kyis zhus pa zhes bya ba theg pa chen po'i mdo