| | e-texts navigator
|
177b1 སླར་མཚང་མི་འདྲ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་ལྡནཔའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཇི་སྐད་སྨྲས་པའི་ཡོན་ཏན་དྲན
177b2 སུམ་ཚོགས་པ་ཡང་རྗེས་སུ་ཐོབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དུ
177b3 སྨོས་ཀྱང་གཤེ་བར་མི་བྱེད་ལ། ། གནོད་བྱས་གཞན་ལ་དེ་ནི་གནོད་མི་བྱེད།། དེ་ནི་མི་ལུས་སྤང་བ་བྱས་ནས་ཀྱང་།། བྱང་ཆུབ་སེམས་དཔའི་ཡོན་ཏན་དེ་དག་འཐོབ།། སྡིག་པའི་ཚིག་རྣམས་རྟག་ཏུ་སྲུང་བྱེད་ཅིང་།། སྡིག་པའི་སེམས
177b4 ཀྱི་དབང་དུ་མི་འགྲོ་ལ། ། སྡིག་ལས་ལོག་སྟེ་འབྲས་བུ་དེ་ཐོབ་ནས།། ཡེ་ཤེས་མཆོག་ཉིད་མྱུར་དུ་ཐོབ་པར་འགྱུར།། སྐྱེ་བོ་གང་དགའ་ཚོག་རྡུང་དགའ་བྱེད་ཅིང་།། ཁྲོ་གཏུམ་གནོད་པར་སེམས་དཔའི་སེམས་ལྡན་རྣམས།
177b5 སངས་རྒྱས་ཡེ་ཤེས་ཡོངས་སུ་སྤངས་ནས་སུ།། མི་མཁས་དེ་དག་སྡུག་བསྔལ་མི་བཟང་ལྡན།། དེ་ལྟ་བས་ན་གཞན་ལ་མི་འཆོག་ཅིང་།། རྒྱུ་དང་མི་རྒྱུ་རྣམས་ལ་དབྱུག་པ་སྤང་།། སེམས་ཅན་ཀུན་ལ་ཕན་ཞིང་སྙིང་བརྩེར
177b6 ལྡན། ། དེས་འདིར་ཡེ་ཤེས་དམ་པ་མྱུར་དུ་འཐོབ།། སྐྱེ་བོ་རྨོངས་པ་ཁྲོས་པས་ཟིལ་ནོན་པ།། འཇིག་རྟེན་མལས་པའི་བསྟན་ལས་དེ་རིང་སྟེ།། དེ་ནི་ལོག་ལྷ་རྣམས་ཀྱིས་ངན་འཛིན་ཡིན།། དེ་ལྟ་བས་ན་མཁས་མིས་དཀྲུག་མི
177b7 བྱ། ། བྱང་ཆུབ་སེམས་དཔའ་གང་འདིར་མི་ཁྲོ་ཞིང་།། བདེན་པ་རྗེས་སྲུང་གཞན་ལ་མི་གནོད་པ།། སྤྱད་པ་དཀོན་པ་དེ་དག་རྫོགས་བྱས་ནས།། སུམ་ཅུ་རྩ་གཉིས་མཚན་མཛེས་ཕུན་སུམ་ཚོགས།། མི་མཁས་རྟག་ཏུ་ཕུང་ཞིང
177b8 སྔང་སེམས་ལྡན། ། ཕ་མ་ལ་ཡབ་འདི་ན་གུས་མི་བྱེད།། ཀུན་ནས་ཉོན་མོངས་རྩ་བ་རབ་གནས་པ།། སྐྱེས་བུ་ཐ་མའི་ཉེས་པ་འདི་རྣམས་ཡིན།། དེ་བས་རྟག་ཏུ་བཟོད་པ་ཁོ་ན་རྟེན།། དགེ་སློང་ཆོས་སྨྲ་བ་ལ་བསྟེན་པར་བྱ།། དགེ་བའི
iiif viewer powered by OpenSeadragon
177a - 178a