| | e-texts navigator
|
168a1 པ་མི་འདོད་ལྟད། འདོད་པ་སྐྱོན་ན་བཟང་བསྟོད་བྱེད་ཅི།། མཁས་པ་ས་འཐུང་ཞེས་མང་ན་དགའ་སེ།། གས་ཆོས་མེད་དཀོན་པ་སྟོན་པར་བྱེད། སངས་པའི་གྲོང་བྱུང་བཆོག་ཏུ་གནས་ནས་ས། ད
168a2 བཤད་ཚེ་གང་གིས་ང་མཐོང་ཞིང་། ། དྲ་བ་འདིང་ལ་མཆོད་བྱེད་མཐོང་བ་ནི།། ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏོ།། ངའི་བུ་གང་ཞིག་རྟག་ཏུ་རྗེས་འབྲང་ཞིང་།། བྱང་ཆུབ་ཞི་པ་སྤྱོད་མཆོག་སྤྱོད་པ་ན།། སེམས་ཅན་རྣམས་ནི་རྟག་ཏུ
168a3 འདུལ་བྱེད་པ། ། བྱེ་མའི་དུས་སུ་མ་དམཆོག་འདི་འཛིན་ཏོ།། སངས་རྒྱས་འདྲེན་པ་གཞལ་མེད་དཔག་མེད་ཀྱི།། སྤྱད་པ་སྤྱོད་ཆོགང་གིས་རིམ་གྲོ་དང་། དེ་བཞིན་མཆོད་པ་མཆོག་དག་བྱས་པ་ནི།། དེ་ནི་ཕྱི་དུས་རྒྱལ་མཆོག་ཚས་འཛིན
168a4 ཏོ། ། གང་ཞིག་བསྐལ་པ་བྱེ་བར་ཚད་སྤྱོད་ཅིང་།། འཇིག་རྟེན་མཐའ་ཡས་དོན་ནི་སྔར་སྤྱད་པ།། གང་ཞིག་ཕྱི་མའི་དུས་སུ་མདོ་སྡེ་འདི།། ཐོས་པའི་བསོད་ནམས་གྲངས་སུ་འགྱུར་མ་ཡིན།། སངས་རྒྱས་འཁྲུག་མེད་ཡང་ན་ཚེ་དཔག་མེད།།
168a5 སངས་རྒྱས་གཞལ་མེད་དཔག་མེད་དེ་དག་འདིར།། སེམས་ཅན་སྙིང་པོ་གང་གིས་མཐོང་འདོད་པ།། མདོ་སྡེ་འཛེས་པ་དཔག་མེད་གཟུང་བར་གྱིས།། ཚེ་དཔག་མེད་དང་མི་འཁྲུགས་དྲི་མེདའོད།། སེང་གེ་དང་ནི་ཏོག་དང་དེ་བཞིན
168a6 དུ། ། གང་ཞིག་སངས་རྒྱས་དེ་ཀུན་མཐོང་འདོད་པ།། ཕྱི་མའི་དུས་སུ་རྒྱལ་མཆོག་ཆོས་ཟུང་ཤིག། སངས་རྒྱས་བྱམས་པ་དང་ནི་དྲི་མེད་འོད།། བདག་ཉིད་ཆེན་པོ་དང་ནི་སེང་གེའི་ཏོག། རབ་སྣང་གཙོ་བོ་དེ་བཞིན་མཐོང་འདོད་པ།
168a7 དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་ཟུང་ཤིག། འདི་འདྲའི་མདོ་སྡེ་ཁྱད་པར་འཕགས་མཆོག་དག། རིན་ཆེན་དྲ་བ་ཅན་ལ་ང་ཡིས་བཤད།། ཕྱི་མའི་དུས་སུ་དེ་ཚེ་ཁྱོད་ཀྱིས་ནི།། བག་མེད་གནས་ལ་འདུག་པར་མ་བྱེད་ཅིང་།།
168a8 ཕྱི་མའི་དུས་ཀྱི་ཚེ་རུ་གྱུར་པ་ན།། ཚུལ་ཁྲིམས་སྐྱོན་མེད་རྟག་ཏུ་བག་བྱོས་དང་།། དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས།། རྒྱལ་བ་འོད་ཟེར་མཐའ་ཡས་ཅན་གྱི་ཞིང་།། རིན་ཆེན་ལྡན་ཞེས་བྱ་བའི་འཇིག་རྟེན་ཁམས
iiif viewer powered by OpenSeadragon
167b - 168b