| | e-texts navigator
|
167b1 རྣམས། ། གང་གཱའི་བྱེ་སྙེད་བསྐལ་པ་བྱེ་བ་བརྒྱར།། ཐུབ་ཆེན་འཇིག་རྟེན་སྤྱོད་པ་བཞུགས་པ་ཡི།། སངས་རྒྱས་གཅིག་ལ་འབུལ་བྱ་དབུལ་བ་དང་།། ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད།། ཡོངས་སུ་མྱ་ངན་འདས་ཀྱི་མཆོད་རྟེན
167b2 བྱས། ། ཇི་ལྟར་སྟོང་ཆེན་འཇིག་རྟེན་ཁམས་རྣམས་སུ།། སངས་རྒྱས་ཅིག་གི་མཆོད་རྟེན་བྱས་པ་ནི།། རིན་ཆེན་རང་བཞིན་ལྷའི་སྒོ་སྟོང་ལྡན།། ཤིན་དུ་ལེགས་པར་སྲིད་པའི་རྩེ་སྲིད་མཐོ།། ཇི་ལྟར་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི།། གསུ།
167b3 ནི་མཆོད་རྟེན་གཅིག་ལ་འབུལ་བར་བྱེད།། དེ་ཚེ་རེ་རེའི་གདུགས་ལ་མུ་ཏིག་གི། རྒྱན་ཕྲེང་བྱེ་བ་རྣམས་ཀྱང་ཤིན་དུ་བཀྲམ།། ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད།། བྱེ་བའི་འཕན་དང་རིན་ཆེན་སྣ་ཚོགས་ཀྱི།། རྒྱལ་མཚན་བྱེ་བ་ཕྲག་བརྒྱ
167b4 གང་ཧྲཱི་སི། བྱེ་སྙེད་མཆོད་རྟེན་དགལ་འབུལ་བར་བྱེད།། སྣང་བ་མཛད་པ་ཐམས་ཅད་མཁྱེན་གཅིག་གི། མཆོད་རྟེན་གཅིག་ལ་སེལ་སྙན་བྱེ་བསྟོད། ཀྲོབ་ཅིང་དགུས་པའི་མིན་ས་ཡ་དག། ཁྱ་བ་ཕྲག་སྟོང་ཆང་པོ་འབྲལ་བར་བྱེད།།
167b5 མེ་ཏོག་གདུགས་བརྒྱ་དུ་མ་མཆོད་རྟེན་ལ་འབུལ་བ།། ཐུབ་པ་ཆེ་ལ་དེ་འདྲའི་མཆོད་པ་ཉིན་གཅིག་བཞིན།། གང་གཱའི་བྱེ་སྙེད་བསྐལ་པ་སྟོང་དུ་བྱེད་པ་བས།། གང་ཞིག་མདོ་སྡེ་འདི་ལས་ཚིགས་བཅད་གཅིག་ཐོས་ནས།། སོ་མཉི
167b6 མེད་ཅིང་འདུན་པ་སྐྱེད་བྱེད་ལ། ། རྒྱལ་བའི་མཚན་འདི་དག་ཀྱང་བརྗོད་བྱེད་ན།། དེ་བས་བསོད་ནམས་འདི་ནི་བླ་མེད་མཆོག།། མཁས་པ་ཏིང་ངེ་འཛིན་གྱི་མེ་ཐོས་ཤིང་། ཚུལ་ཁྲིམས་སྐྱོན་མེད་མཚན་འདི་འཛིན་པ་དང་། དེ་བཞིན།
167b7 སངས་རྒྱས་ལ་ནི་མཆོད་བྱེད་པ།། དེས་ནི་གང་གཱའི་བྱི་སྐད་སངས་རྒྱས་མཐོང་།། ཐུབ་ཆེན་རྐང་གཉིས་མཆོག་བླར་དེ་དག་ལ།། མཆོད་པ་དམ་པ་འང་ཡིད་ཀྱིས་བྱས་ནས་ནི།། རྟག་ཏུ་མྱོས་མེད་ཆོས་ཀྱང་སྟོན་བྱེད་ཅིང་།། བསྐལ་པ་བྱེ་བ།
167b8 དེ་ནི་མོངས་མེད་འགྱུར།། འཇིག་རྟེན་མགོན་པོས་མདོ་མཆོག་རྒྱལ་པོ་འདི།། སྟོན་པའི་ཚེ་ན་གང་གིས་སྔོན་མཐོང་བ། རྒྱལ་བ་མཆོག་ལས་འདི་ནི་ཐོས་གྱུར་ནས། བྱེ་བའི་དུས་སུ་དེས་ན་དགའ་བས་འཛིན།། དྲིང་ཕྱི་མའི་བུམ
iiif viewer powered by OpenSeadragon
167a - 168a