e-texts navigator
Collection
Volume
Page
Wylie

167a1 དང་ཆུ། མེ་དང་རླུང་གི་ཚད་དག་ནི།། འདི་ཙམ་ཞེས་ནི་བཤད་པར་ནུས།། བསོད་ནམས་ཕུང་པོ་བཤད་མི་ནུས།། དགེ་སློང་དང་ནི་དགེ་སློང་མ།། དགེ་སྙེན་འམ་ནི་དགེ་བསྙེན་མ།། གང་གིས་མདོ་སྡེ་འདི་ཐོས་པ།། ལྷ་དང་ཀཱུ།
167a2 རང་ལྟོ་འཕྱེ་ཆེ།། སེམས་ཅན་ཐམས་ཅད་ཉེར་ལྤགས་པས།། དེ་ཡི་གཟི་བརྗིད་མི་བཟོད་དེ།། མེ་ནི་གསིལ་བར་འགྱུར་ཟིད་ཀྱི།། དེ་ཡི་གཟི་བརྗིད་ཉམས་པ་མེད། མདོ་སྡེ་འདི་ནི་གང་འཛིན་པ། བྱང་ཆུབ་སྤྱད་པ་སྟོད་པའི་ཚེ། སེམམ་ཅན
167a3 གྱིས་བསྟེན་བྱ་ཞིང་། ། བྱང་ཆུབ་སེམས་ལའང་མཆོད་པ་བྱེད།། གང་ཞིག་སྟོབས་དང་ལྡན་པའི་མིས།། བྱེ་བ་སྟོང་དུ་བཤགས་པ་ཡི།། རྩེས་སྟོང་གི་འཇིག་རྟེན་ཁམས།། བསྐལ་པ་བྱེ་བར་བཟུང་བ་པས།། གང་ཞིག་ཕྱི་མའི་དུས་དག་ཏུ
167a4 སངས་རྒྱས་བྱང་ཆུབ་གླེང་བཞི་ནི། ། འདི་འདྲའི་རྣམ་པས་ཐོས་ནས་སུ།། གཞན་དག་ལ་ཡང་སྟོན་བྱེད་ན།། གང་ཞིག་སྔར་ནི་རབ་བསྒྲགས་པ།། འདི་ཡི་ངོ་མཚར་ཆེན་པོ་ཡི།། བརྒྱ་དང་གྲངས་དང་བགྲང་བ་དང་།། དཔེར་ཡང་འགྱུར་བ་མ
167a5 ཡིན་ནོ། ། ཕྱེ་མ་ཡིས་ནི་དུས་དག་ཏུ།། འདི་འདྲའི་རྣམ་པ་སེང་གེའི་སྒྲ།། བསྟན་པ་བླ་མེད་ཐོས་གྱུར་ཀྱང་།། འགལ་མེད་དོན་མེད་འགྱུར་བར་འོད།། འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས།། འོད་མཛད་གང་གིས་འདིར་མཐོང་བ།། ཕྱི་མའི
167a6 དུས་ས་དེས་ཐོས་ནས། ། ཞེས་གུས་པར་བྱེད་པར་འགྱུར།། གལ་ཏེ་ཞིང་རྣམས་བྱེ་བ་ན།། སེམས་ཅན་གང་དག་འཁོད་དེ་དག། སངས་རྒྱས་ཡེ་ཤེས་ལྡན་གྱུར་ལ།། གང་གཱི་ཡི་ནི་བྱེ་མ་སྙེད།། བསྐལ་པ་དུ་མ་བརྒྱ་དག་ཏུ།། རིམ་གྲོ་དག་ནི་བྱེད
167a7 པ་དང་། ། ཇི་ལྟར་སྟོང་ཆེན་གྱི་ནི་འཇིག་རྟེན་ཁམས།། ཇི་སྙེད་དག་གི་གཙུག་ལག་ཁང་མཆོག་ནི།། དབུལ་བྱ་ལྷའི་ཙན་དན་དག་ལས་བྱས།། ལྷའི་གཙུག་ལག་ཁང་མཆོག་རེ་རེ་ལའང་།། བྱེ་བ་ཕྲག་སྟོང་དག་གི་ཁང་བཟངས་བྱས།།
167a8 བྱེ་བ་ཕྲག་སྟོང་དག་གི་ཁང་བཟངས་ཀྱང་།། དབུལ་བྱ་ལྷའི་རིན་ཆེན་དག་ལས་བྱས།། རེ་རེའི་ཁྲི་དག་བཤམས་ནས་རིམ་གྲོ་པ།། བྱེ་བ་ཕྲག་བརྒྱ་ཤིན་དུ་ཚངས་པར་བཀོད།། མཁས་པས་དེ་ནི་རིན་ཆེན་དྲ་བདག། བླངས་ནས་དེ་ཚེ་ཁྲི་རེ་བརྒྱན་པ




iiif viewer powered by OpenSeadragon

166b - 167b

Texts on this page

Q830 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo