| | e-texts navigator
|
166b1 ཚེ། ། ཡངས་པ་ཅན་ཡང་སྣང་བར་བྱས། རིན་ཆེན་རྣམ་པ་དེ་སྙེད་ཀྱིས།། སངས་རྒྱས་གཅོལ་མཆོད་བྱེད་ཅིང་། རིན་པོ་ཆེའི་ཕུང་པོ་ཡང་།། ཐུབ་པ་ཆེལ་འབྲལ་བར་བྱེད། གདུགས་ནི་གང་དག་སུ་ལུད་བྱས།། མུ་ཏིག་ཕྲེང་གིས་ཡོངས་བརྒྱན་པ།།
166b2 རེ་རེ་ལ་ཡང་མུ་ཁྱུད་ཅན།། སྟོང་ཕྲག་ཉི་ཤུ་རྩ་ལྔའོ་འདི་འདྲའི་ལེགས་པ་དེ་ཡིས་ནི།། ཐུབ་པ་ཆེ་ལ་མཆོད་པ་བྱས།། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ།། གསེར་ཐགས་ཀྱི་ནི་གོས་ཕུལ་ལོ།། བྱང་ཆུབ་ཤིང་དག་སྤྲུལ་ནས་སུ།།
166b3 དེའི་དྲུང་སེང་གེའི་ཁྲི་བཤམས་ལ།། སྟོང་ཕྲག་བྱེ་བ་ཉི་ཤུ་ལྔ།། དེ་རྣམས་ལ་ནི་འཁོད་གྱུར་པ།། ལོ་ནི་བྱེ་བ་གྲངས་སྙེད་པར།། བགྲང་བ་དག་ཏུ་མིཆོད་པའི།། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི།། བྱེ་བ་བརྒྱ་ཕྲག་ལྷགས་པར་གྱུར།།
166b4 ཤར་གྱི་ཕྱོགས་ནས་གཟུང་ནས་སུ།། ལྷོ་ཕྱོགས་ནུབ་ཕྱོགས་བྱང་ཕྱོགས་དང་།། འོག་དང་སྟེང་དང་དེ་བཞིན་དུ།། ཕྱོགས་དག་གི་ཡང་མཚམས་ནས་ལྷགས།། ཇི་ཙམ་མིག་གིས་མཐོང་བའི་བར།། དེ་སྲིད་འཇིག་རྟེན་ཁམས་རྣམས་སུ།།
166b5 སྐྱོབ་པ་འཇིག་རྟེན་མགོན་པོ་ཡི།། གསེར་གྱི་མདོག་འདྲའི་འོད་ཀྱིས་གང་།། སྟོན་པ་གང་ན་བཞུགས་པ་དང་། ཆོས་ནི་གདན་འབར་བ་དེར།། འཇིག་རྟེན་ཁམས་ནི་ཐམས་ཅད་ནས།། བྱང་ཆུབ་སེམས་དཔའ་ཉེ་བར་ལྷགས།། དེ་ལྟར་མཐ
166b6 ཡས་དཔག་ཏུ་མེད། ། བསམ་གྱིས་མི་ཁྱབ་མཆོད་པ་ནི།། རིན་ཆེན་དྲ་བ་ལིད་ཚ་བྱི།། གཞོན་ནུ་དེ་ཡི་ཚེ་ན་བྱས།། དེ་ནས་བདག་ཉིད་ཆེན་པོ་བ།། ལྷ་དང་ཀླུ་དང་མི་རྣམས་ཀྱིས།། འདུན་དུ་མི་མཆོག་ཤཱཀྱ་ཡི།། སེང་གེས་དབུགས་ནི་འབྱིན
166b7 པར་མཛད། ། ང་ཡི་མདུན་དུ་འདུག་ནས་སུ།། ཁྱོད་ཀྱིས་འདི་འདྲའི་མཆོད་བྱས་པ། གང་གཱའི་བྱེ་མ་ཇི་སྙེད་པ།། དེ་སྐྱེད་མཆོད་པ་དག་གིས་མཆོད།། རིན་ཆེན་དྲ་བ་ཅན་གྱི་ཕྱིར།། མདོ་སྡེ་བཤད་པ་སུས་རིག་པ།། བྱང་ཆུབ་ལས་ནི
166b8 མི་ལྡོག་སྟེ། ། སངས་རྒྱས་སྨྲ་བའི་མཆོག་ཏུ་འགྱུར།། གང་ཞིག་མདོ་སྡེ་འདི་འཛིན་པའི།། བསོད་ནམས་ཕུང་པོའི་ཚད་དག་ནི།། འདི་སྙེད་སོགས་པར་འགྱུར་རོ་ཞེས།། དེ་ལྟར་བཤད་པར་མི་ནུས་སོ།། ཕྱོགས་བཅུའི་འཇིག་རྟེན་ས
iiif viewer powered by OpenSeadragon
166a - 167a