e-texts navigator
Collection
Volume
Page
Wylie

166a1 དུས་ཏེ། ། གནས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་རྗེས་སུ་དྲན་ནོ།། འདི་ལྟ་སྟེ་སངས་ཀྱིས་བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱིས་ཀྱང་ཚེ་འཕྲུལ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མདག
166a2 བསྟན་ཏོ། ། དེ་ལ་འི་ཤེས་བྱ་སྟེ།། བྱེ་བ་བརྒྱ་ཕྲག་དྲ་མ་ཡི།། ལྷ་རྣམས་ཁོར་ཁོར་ཡུག་ནས།། ཅན་དན་དམར་པོ་ཞིབ་མོ་ཡིས།། རྫོགས་སངས་རྒྱས་ལ་འབོར་བར་བྱེད།། བརྒྱ་བྱིན་བྱེ་བ་ཕྲག་སྟོང་དག། མཁའ་ལ་གནས་ནས་འཛམ་བུ་ཡི།
166a3 བོའི་གསེར་བྱེ་མང་པོ་འོ།། དེ་བཞིན་གཤེགས་ལ་འཐོར་བར་བྱེད།། ཚངས་པ་བྱེ་བ་ཉེར་ལྷགས་ནས།། ཙན་དན་དམར་པོའི་ཕྱེ་མ་ཡིས།། རྫོགས་སངས་རྒྱས་ལ་འབོར་བྱེད་ཅིང་།། སྒྲ་དབྱངས་སྙན་པ་ཀུན་ཏུ་སྒྲོགས། དྲི་མ་མེད་པའི་འོད
166a4 རིག་ནས། ། ནམ་མཁའ་ལ་ནི་ལྷ་མཁོད་དོ།། གླུ་དབྱངས་དཔག་ཏུ་མེད་པ་ལེན།། མཁའ་ལ་རས་ཀྱི་གཡོབ་པར་བྱེད།། ནམ་མཁའ་ལ་ནི་ལྷ་འཁོད་དེ།། པད་མ་བརྒྱ་ཕྲག་སྟོང་བླངས་ནས།། འཇིག་རྟེན་གསལལ་སྟོང་བྱེད་ཅིང་།། རྒྱལ་མཚན
166a5 ལ་སོགས་མཆོད་པར་བྱེད། ། ཟླ་མེད་རྒྱལ་མཆོག་ཐུབ་དབང་ལ།། རབ་ཏུ་ཡི་དགས་ཕྱག་འཚལ་ཞིང་།། བསྟོད་བྱེད་ནོར་བུ་རིན་ཆེན་དང་།། མུ་ཏིག་རྒྱན་ཕྲེང་འཐོར་བར་བྱེད།། མི་ནི་བྱེ་བ་འབུམ་ཐམ་པ།། རྒྱལ་མཆོག་བླ་མེད་པ་ལ་མཆོད།།
166a6 སྔོན་གྱི་གནས་བརྒྱ་རྗེས་དྲན་ཞིང་།། དུབ་མཆོད་བླ་མེད་མགོས་ཕྱག་འཚལ།། དེ་ནས་འཇིག་རྟེན་སྣང་མཛད་པས།། ཆོས་ཀྱི་རྔ་ནི་རབ་རྡུངས་ཏེ།། དེའི་སྒྲས་ནི་ཞིང་རབ་མང།། བྱེ་བ་དག་ཏུ་གོ་བར་བྱས།། དེའི་ཚེ་ནི་སེམས་ཅན་ནི།། བྱེ་བ
166a7 གྲངས་མེད་ཀུན་ནས་ལྷགས། ། དེ་དག་རྫོགས་པའི་སངས་རྒྱས་ཀྱིས།། སངས་རྒྱས་ཡེ་ཤེས་བླ་མེད་བཀོད།། དེ་ཚེ་གཞོན་ནུ་དགའ་གྱུར་ནས།། ཙན་དན་སྦྲུལ་གྱི་སྙིང་པོ་ཡི།། གདན་འབུལ་རིན་ཆེན་བྱེ་མ་ཡིས།། གཞོན་ནུ་སངས་རྒྱས་གཅོས
166a8 མཆོད། ། ནོར་བུ་རིན་ཆེན་འོད་གཅིག་ནི།། འཇིག་རྟེན་སྟོང་དུ་གཏོང་བར་བྱེད།། རིན་ཆེན་གཅིག་ལས་འོད་ཟེར་ནི།། སྟོང་ཕྲག་བྱེ་བ་སྟོང་པར་བྱེད།། དེ་བཞིན་རིན་ཆེན་མ་ལུས་ལས།། འོད་ཟེར་དག་ནི་བྱུང་བར་གྱུར།། དེ་དག་གིས་ནི་དེའི




iiif viewer powered by OpenSeadragon

165b - 166b

Texts on this page

Q830 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo