| | e-texts navigator
|
165b1 མཐོང་ལག་སོ། ། བདེ་བར་གཤེགས་པ་མཐོང་ལགས་སོ།། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཏེ། དེ་ལྟར་ཕྱོགས་བཅུ་ཀུན་གྱི་ཕྱོགས།
165b2 རེརེ་ན་དེ་བཞིན་གཤེགས་པའི་མཚན་གཅིག་པ་ཡང་གྲངས་མ་མཆིས་ལ། དེ་བཞིན་གཤེགས་པའི་མཚན་ཐ་དད་པ་ཡང་བཞུགས་སོ།། བཀའ་སྩལ་པ། གཞོན་ནུ་ཁྱོད་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལ
165b3 གནས་པ་དེ་བས་ཀྱང་ཆེས་ལྷག་པའི་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། དེ་ནས་ལིད་ཚ་བྱི་གཞོན་ནུ་རིན
165b4 ཆེན་དྲ་བ་ཅན་མགུ་ཞིང་དགའ་ལ་ཡིད་རངས། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་བསྐྱེས་ནས་དེའི་ཚེས་ཆེན་པོ་གཡོས་པར་གྱུར་ཏེ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེད་པ་དང་།
165b5 སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་དགའ་བ་དང་། དགེ་བའི་རྩ་བ་སྐྱེད་པའི་སྣང་བ་ཆེན་པོ་བྱུང་བར་གྱུར་ཏེ།། ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ནམ་མཁའ་ལ་འཁོད་ནས་ལྷའི་འཛམ་བུ་ཆུ་བོའི་གསེར
165b6 གྱི་ཕྱེ་མ་རྣམས་གཏོར་རོ། ། ཚངས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་ལྷའི་ཙན་དན་དམར་པོའི་ཕྱེ་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གཏོར་རོ།། མངོན་པར་གཏོར་། མངོན་པར་རབ་ཏུ་གཏོར་ངོ་།། ལྷ
165b7 བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་ལྷའི་མེ་ཏོག་ཨུད་དཔལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་ད་ར་བ་དང་། མན་དར་བ་ཆེན་པོས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ
165b8 གཏོར་རོ། ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དེ་དག་གིས་ཀྱང་རིན་པོ་ཆེའི་གདུགས་སྟོང་ཕུལ་ལོ།། བྱ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས
iiif viewer powered by OpenSeadragon
165a - 166a