| | e-texts navigator
|
165a1 དཀྱིལ་འཁོར་དུ་སེམས་ཅན་གང་དག་འདུས་པ་དེ་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་མཐོང་བ་དང་། དེའི་ཚེ་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་དགུ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་འཁོ
165a2 བཞི་པོ་ལ་སྣང་བར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལིད་ཚ་བྱི་གཞོན་ནུ་རིན་ཆེན་དྲ་བ་ཅན་ལ་བཀའ་སྩལ་པ། གཞོན་ནུ་ཁྱོད་ཀྱིས་སྟེང།
165a3 གི་ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས་འདི་ལྟར་བསམ་གྱིས་མི་ཁྱག། འདི་ལྟར་གཞལ་གྱིས་མི་ལང་ག། འདི་ལྟར་ཐུག་པ་མེད་པ།། འདི་ལྟར་ཚད་མེད་པ། འདི་ལྟར་བརྗོད་ཀྱིས་མི་ལང་བ་དེ་དག་མཐོང་ངམ།
165a4 གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། དེ་བང་གཤེགས་པ་མཐོང་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོ་ཇིག་རྟེན་གྱི་ཁམས་ན་ལྷ་དང་མི་རྣམས་ཀྱི་མིང་གི་ཚོགས
165a5 པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཆེས་མང་སྟེ། རལ་ཡང་མཚན་གྱིས་ཚོགས་གྲངས་མེད་པས་མགྱིས་མི་ཁྱབ་པ་ཡོད་དེ། འདི་ལྟར་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་ལེགས་པར་རབ་ཏུ་ཞི་པའི་དཔལ
165a6 དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་དག་ཅེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར
165a7 མཁྱེན་པའི་རྒྱལ་པོ་ཞེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་མེ་ཏོག་རྒྱས་པ་ས་ལའི་རྒྱལ་པོ་ཞེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི
165a8 བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་རྣམས་ཏེ། དེ་བཞིན་གཤེགས་པ་གཅིག་གི་མཚན་ཇི་ལྟ་བར་དེ་བཞིན་གཤེགས་པ་སོ་སོའི་མཚན་ཡང་དེ་དང་འདྲ་བར་མཐོང་ངམ། གསོལ་པ། བཅོམ་ལྡན་འདས
iiif viewer powered by OpenSeadragon
164b - 165b