| | e-texts navigator
|
164b1 བཀུར་སྟི་རིམ་གྲོ་བྱས་པ་ནི།། ཕྱི་མའི་དུས་སུ་མདོ་སྡེ་འདི།། དེ་ཡི་ལག་ཏུ་འཐོབ་པར་འགྱུར།། ད་ནི་བྱང་ཆུབ་སེམས་དཔའ་ཡིས།། བསྐོར་དང་དྲ་བ་ཅན་སུས་མཐོང་།། དེས་ནི་མདོ་སྡེ་འདི་ཐོས་ནས།། དེ་ལ་སོམ་ཉི་ཟ་མི་འགྱུར།།
164b2 དེ་བཞིན་གཤེགས་པ་དཔག་མེད་དེ།། སངས་རྒྱས་ཆོས་ལ་ཐེ་ཙོམ་སྤངས།། འདི་ལྟར་སྔོན་གྱི་སྤྱོད་པ་ནི།། བསྐལ་པ་བྱེ་བ་མད་བརྒྱར་སྤྱད།། ལག་པ་རྐང་པ་གཏོང་བ་དང་།། རྣ་བ་སྣ་དང་མགོ་བོ་དང་།། བུ་ཕོ་བུ་མོ་ཡུལ
164b3 འཁོར་དག། བྱིན་ལ་ཡིད་ནི་མི་དགའ་མེད།། གང་ཞིག་མདོ་སྡེ་འདི་ཐོས་པ།། ཕྱི་མའི་དུས་ན་རྙེད་ནས་ནི།། གཞན་དག་ལ་ཡང་སྟོན་བྱེད་ན།། དེ་ནི་མཆོད་པའི་འོས་སུ་འགྱུར།། སངས་རྒྱས་ཀུན་གྱི་སྤྱོད་ཡུལ་པ།། མངོན
164b4 རྫོགས་བྱང་ཆུབ་འདོད་གང་གིས། ། ནམ་ཡང་འཇིག་རྟེན་མགོན་པོ་ཡི།། བསྟན་ལ་སོམ་ཉི་མ་ཟ་ཅིག། དེ་ལྟར་མདོ་སྡེ་འདི་ཐོས་ནས།། གཡོ་སྒྱུ་མེད་པའི་མིས་གཟུང་ལ།། འཆག་པ་དག་དུའང་ཡང་དང་ཡང་།། མདོ
164b5 སྡེ་འདི་ནི་བརྗོད་པར་གྱིས། ། བརྗོད་བྱས་ཟླ་བ་གསུམ་དག་ཏུ།། ཚངས་པར་ཤིན་ཏུ་ཡང་བརྗོད་ན།། ཆོས་རྣམས་ཐམས་ཅད་འཛིན་བྱེད་པའི།། གཟུངས་ཀྱི་ཡེ་ཤེས་ཐོབ་པར་འགྱུར།། དེ་ནས་ལི་ཚི་བྱི་གཞོན་ནུ་རིན་ཆེན་དྲ་བ
164b6 ཅན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་རིག་ནས་རིན་ཐང་མེད་པའི་རས་བཅོས་བུ་གསེར་གྱིས་བརྒྱན་པ་ཟུང་ཅིག་བཅོམ་ལྡན་འདས་ལ་མངོན་པར་གསོལ་ཏེ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ
164b7 རྫུ་འཕྲུལ་མངོན་པར་འདུ་མཛད་པ་ཇི་ལྟ་བུས་བཅོམ་ལྡན་འདས་ཀྱི་སྐུ་ཐམས་ཅད་ཀྱི་བ་སྤུའི་ཁོང་བུ་ཐམས་ཅད་ནས་འོད་ཟེར་དག་བྱུང་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲང་མེད་པ་ཇི་སྙེད་པ
164b8 དེ་དག་ཐམས་ཅད་སྣང་བར་གྱུར་པ་དང་། སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་དག་སྐྱེས་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་མཐོང་བ་དང་།། སངས་རྒྱས་ཀྱི་ཞིང་འདི་ན་དེ་བཞིན་གཤེགས་པའི་འཁོར་གྱི
iiif viewer powered by OpenSeadragon
164a - 165a