e-texts navigator
Collection
Volume
Page
Wylie

163b1 ཞིག་བདེ་བར་གཤེགས་པའི་མཚན་འདོན་པ། ། མི་ལུས་རྙེད་པ་དལ་བ་ཅིག་ཐོབ་ནས།། མཐའ་ཡས་རྒྱ་མཚོ་དེ་བཞིན་གཤེགས་བཞུགས་ལ།། མི་ཡི་མཁས་པ་བསོད་ནམས་རབ་ཏུ་བྱེད།། སངས་རྒྱས་མཚན་ནི་སྟོང་ཕྲག་བརྒྱ
163b2 ཙམ་དུ། ། གོམས་བྱེད་དེ་ནི་རྗེས་འཐུན་བཟོད་པ་འཐོབ།། ལྷ་ཡི་མིག་འཐོབ་ཇི་ལྟར་ང་ཡིས་ནི།། སངས་རྒྱས་མར་མེ་མཛད་མཐོང་མེ་ཏོག་གིས།། གཏོར་བ་བྱས་ནས་བཟོད་པ་ཐོབ་གྱུར་པ།། དེ་འདྲའི་བཟོད་པ་དག་ནི་ཐོབ་པར་འགྱུར
163b3 འཇིག་རྟེན་མགོན་པོ་འོད་མཛད་ཐུབ་པ་ཡི། ། མཚན་ནི་ཐོས་ནས་སུ་ཞིག་ལུང་མི་ནོང།། གཞན་དུ་གང་ཞིག་མུ་སྟེགས་ཅན་གྱུར་པ་འམ།། ཕྲག་དོག་དག་གིས་ཉམས་པའི་མི་མ་བཏོགས།། འདྲེན་པ་སངས་རྒྱས་ཀྱི་ནི་མངོན
163b4 སུམ་དུ། ། འདི་འདྲའི་མདོ་སྡེ་བཤད་པ་སུས་ཐོས་པ།། དེ་ནི་ཕྱི་དུས་དག་ཏུ་འདི་འཛིན་ཅིང་།། གཞན་དག་ལ་ཡང་རབ་ཏུ་སྟོན་པར་བྱེད།། གཞོན་ནུ་སྟེང་གི་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་གཞོན་ནུ་དཔེ་སྔ་མ་ལྟ་བུ
163b5 དེ་ལས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ནས་འཇིག་རྟེན་གྱི་ཁམས་ཤིན་དུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་གྲངས་མེད་པས།།
163b6 ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་ཞིག་བཞུགས་ཏེ་མཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ།། གཞོན་ནུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ
163b7 བ་རྩོན་འགྲུས་གྲངས་མེད་པས་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ལ་ངས་མཐོང་བ་ལ་ཡང་ཡིད་ཆེས་ན་འདས་པའི་འོག་ཏུ་རྣམས་ཀྱང་བརྩོན་འགྲུས་དམན་པར་མི་འགྱུར་ནས་ཀྱང
163b8 འདོད་པ་ལ་བསྟེན་པར་མི་འགྱུར། ནམས་ཀྱང་མའི་སྡུག་བསྔལ་གྱིས་གོས་པར་མི་འགྱུར། ཕའི་སྡུག་བསྔལ་དང་། གཉེན་གྱི་སྡུག་བསྔལ་དང་། སྤུན་གྱི་སྡུག་བསྔལ་གྱིས་གོས་པར་མི་འགྱུར། སྲིང་མོའི་སྡུག་བསྔལ་གྱིས།




iiif viewer powered by OpenSeadragon

163a - 164a

Texts on this page

Q830 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo