| | e-texts navigator
|
163a1 དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དེའི་མཚན་ཐོས་ནས་སོམ་ཉི་མི་ཐལ་ངས་མཐོང་བ་ལ་ཡང་ཡིད་ཆེས་ན་དེ་ཚེ་འདས་པའི་འོག་ཏུ་ཀུན་ནས་འོད་ཟེར་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར། འཆི་བའི་དུས་ཀྱི
163a2 ཚེ་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དུ་ཚད་པ་དག་མཐོང་བར་འགྱུར། ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་ཕྱོགས་ཐམས་ཅད་གུ་ཡང་དེ་བཞིན་དུ་སངས་རྒྱས་བྱེ་བ་ཁྲག་ཐིག་ཕྲག་འབུམ་དུ་ཚད་པ་དག་མཐོང་བར་འགྱུར།།
163a3 སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་དག་ཐམས་ཅད་ཀུན་དུ་འཛིན་པར་འགྱུར།། བྱང་ཆུབ་ལ་ཐུག་གི་བར་དུ་སངས་རྒྱས་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུག།
163a4 ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུར་འཁོར་བ་ལས་ཕྱིར་ཕྱོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཚིག
163a5 སུ་བཅད་པས་བཀའ་སྩལ་པ། གང་ཞིག་འཇིག་རྟེན་རྣམ་འདྲེན་སངས་རྒྱས་ཀྱི།། ཡོན་ཏན་རྒྱ་མཚོའི་མཚན་མཆོག་ཐོས་གྱུར་པ།། དེས་ནི་སངས་རྒྱས་བྱེ་བ་ཁྲི་རྣམས་ལ།། མྱུར་དུ་མཆོད་པ་བླ་མེད་རབ་ཏུ་བྱེད།། མཐའ་ཡས་དྲི་མེད
163a6 ཁྱད་པར་མཆོད་བྱས་ཤིང་། ། སྲིད་པ་ཀུན་ཏུ་སངས་རྒྱས་ཆེ་རྣམས་ཀྱི།། ཉི་མ་མཛད་པའི་སྤྱོད་པ་སྤྱད་ནས་སུ།། ཕྱིས་ནི་བྱང་ཆུབ་དྲན་དབང་དེས་རེག་འགྱུར།། ཇི་ལྟར་གང་གཱའི་བྱེ་སྙེད་རྣམ་པར་འདྲེན།། མང་པོ་དག་ནི་ཚེ་གཅིག་གིས
163a7 མཆོད་དེ། ། ཀུན་ནས་འོད་ཟེར་ཏིང་ངེ་འཛིན་ཐོབ་ནས།། ཕྱིས་ནི་བྱང་ཆུབ་མྱ་ངན་མེད་རེག་འགྱུར།། བྱང་ཆུབ་དྲི་མེད་བྱང་ཆུབ་ཆེ་ཐོབ་ནས།། ཆོས་ཀྱི་འཁོར་ལོ་དམ་པ་རབ་ཏུ་བསྐོར།། སེམས་ཅན་སངས་རྒྱས་བྱང་ཆུབ་མཆོག་བཞག་ནས
163a8 ཆར་ཆུས་མེ་བས་ད་ལྟར་ནི་མྱ་ངན་འདའ། ། རྐང་གཉིས་འདྲེན་པ་མི་འདུལ་ཁ་ལོ་སྒྱུར།། བསོད་ནམས་ཞིང་སྟེ་བསོད་ནམས་ཕུང་པོ་གཅིག། དེ་ལ་མི་ཡིས་དད་པ་ཙམ་བསྐྱེད་ན།། སྐད་ཅིག་གིས་ནི་མི་ཁོམ་ཐམས་ཅད་སྤོང་།། གང
iiif viewer powered by OpenSeadragon
162b - 163b