| | e-texts navigator
|
161b1 བདག་གཅ་བ་ཀུན། ། རྒྱལ་བ་ད་མཐོང་ནམས་ཀྱང་སུ་མི་བྱེད། དབས་དན་བསོད་ནམས་དམ་མནག་ལྡན། མབས་མཆོག་ལྡ་རྣམས་ཀྱིས་ཀྱང་ཐུབ་པར་དཀའ། མའི་འཇིག་ཏན་དག་ན་གནད་སྦྱིན་ན། དེ་ས་སུལ་ན
161b2 སེམས་ཅན་གང་གནས་པ། ། དེ་ཡིས་ཐམས་ཅད་བྱང་ཆུབ་སྙིང་པོར་འཇོག། རྒྱལ་སྲིད་རྒྱས་ཤིང་ཤིན་ཏུ་ལོ་ལེགས་དང་།། དེ་ཡི་རྒྱལ་སྲིད་བདེ་ཞིང་སངས་རྒྱས་འབྱུང་།། དེ་དག་ལ་ནི་མཆོད་པ་དམ་པ་བྱེད།། རྒྱལ་པོ་བདག
161b3 ཡུལ་རྣམས་ཀྱང་སྡང་སེམས་མེད། ། སངས་རྒྱས་མཚན་མཆོག་ཐོས་ནས་མཁས་པ་གང་།། སོ་མ་ཉི་ཟ་ཞིང་མི་དགའ་སུ་ཞིག་ཡོད།། མདོ་སྡེ་དམ་པ་དེ་རིང་ངས་བཤད་པའི།། ཆོས་མཆོག་འདི་ཡིས་དེ་ལ་ཕན
161b4 འདོགས་འགྱུར། ། གཞན་དུ་གང་གིས་སྔོན་གྱི་རྒྱལ་རྣམས་ཀྱིས།། ཆོས་སྤངས་གྱུར་པ་འམ་བདུད་ཀྱི་ཟིན་པ་འམ།། སེམས་ཅན་སྙིང་པོ་རྒྱལ་བ་མཆོག་དག་ནི།། སྔོན་ཆད་སྤྱོད་ཚེ་ཁྱད་དུ་བསད་མ་གཏོགས།། གནོན
161b5 ནུགང་ཤིག་རྒྱལ་པོའི་ཕོ་བྲང་དང་། ། ལིང་ཚའི་བཀོད་པ་དགའ་བ་འདི་དག་ཀྱང་།། ཤཱཀྱ་སེང་གེ་ནི་མི་མཐོང་བ།། དེ་དག་སངས་རྒྱས་མཚན་ཐོས་སོམ་ཉི་ཟ།། གཞོན་ནུ་བྱང་ཕྱོགས་ལོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས
161b6 གཞོན་ནུ་དཔེ་སྔ་མ་ལྟ་བུ་དེ་ལས་སུ་མ་གྱུར་གྱིས་སངས་རྒྱས་ཀྱི་ཞིང་དྲུག་བཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་ཆེན་དྲ་བས་གཡོགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
161b7 རྫོགས་པའི་སངས་རྒྱས་ཟླ་བའི་དཀྱིལ་འཁོར་རྣམ་དག་ཅེས་བྱ་བ་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ།། གཞོན་ནུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་བཞིན
161b8 ད་ཨེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་དག་དེའི་མཚན་ཐོས་ནས་སོམ་ཉི་མ་ཟ་ཞིང་ངས་མཐོང་བ་ལ་ཡང་ཡིད་ཆེས་ན་དེ་ཚེ་འདས་པའི་འོག་ཏུ་རིན་ཆེན་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར
iiif viewer powered by OpenSeadragon
161a - 162a