e-texts navigator
Collection
Volume
Page
Wylie

160a1 ཉིས་འགྱུར་གྱི་རྡུལ་བགྲངས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཞིང་བཅུ་གཉིས་འདས་པན་དེ་ན་ཐབས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་འམས་ཡོད་དོ། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་བྱ་ཡང་དག་པར་རྫོགས
160a2 པའི་སངས་རྒྱས་མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ནིང་བཞེས་ལ་ཆོས་ཀྱང་སྟོན་ཏོ། ། གཞོན་ནུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ་རིགས
160a3 ཀྱི་བུ་མོ་གང་ལ་ལ་ཞིག། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ལ་ངས་མཐོང་བ་ལ་ཡང་ཡིད་ཆེས་ན་དེ་ཚེ་འདས་པའི་འོག་ཏུ་འོད་ཟེར
160a4 རབ་ཏུ་གཏོང་བ་ཞེས་བྱ་བའི་ཏིང་འཛིན་འཐོབ་པར་འགྱུར། ། ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་ཁྲིར་འཇུག་པ་འཐོབ་པར་འགྱུར།། གཟུངས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དྲུག་བཅུ་པོ་རྒྱ
160a5 མཚོ་ལྟ་བུ་ཞེས་བྱ་བའི་གཟུངས་ལ་སོགས་པ་ནས་རིན་པོ་ཆེའི་མཛོད་ཀྱི་གཟུངས་ལ་ཐུག་པའི་བར་ལ་འཇུག་པ་འཐོབ་ཅིང་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དེ་དག་ལ་རྨོངས་པར་ཡང་མི་འགྱུར་རོ། ། འཆི་བའི་དུས་ཀྱི་ཚེ་ཤར་ཕྱོགས
160a6 ནས་སངས་རྒྱས་བྱེ་བ་གཤེགས་ནས་ཞེས་སྟོན་པར་མཛད་དེ། ཕྱོགས་ཐམས་ཅད་ནས་ཀྱང་དེ་དང་འདྲའོ།། གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གསུངས་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་འཛིན་པར་འགྱུར། བྱང་ཆུབ
160a7 ཐོབ་ཀྱི་བར་དུ་དེའི་ཆོས་ཀྱི་ཚུལ་དེ་འཇིག་པར་མི་འགྱུར། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནས་བཟུང་ནས་བསྐལ་པ་ལྔ་བརྒྱར་འཁོར་བ་ལས་ཕྱིར་ཕྱོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ
160a8 རེག་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། མི་ཡི་དབང་པོ་འཇིག་རྟེན་མགོན།། སྐྱོབ་པ་ཡི་ནི་མཚན་ཐོས་པ།། བསྐལ་པ་ལྔ་བརྒྱ་ཐམ་པ་ཡི།། འཁོར་བ་དག་ནི་ཟློག་པར་འགྱུར།




iiif viewer powered by OpenSeadragon

159b - 160b

Texts on this page

Q830 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo