| | e-texts navigator
|
159b1 དཔག་ཚད་བྱེ་བར་མཆིས་ནས་སུ། ། འདི་ཡི་ཚུལ་ནི་བཤད་པར་བགྱི།། ལྷ་ཀུན་དང་ནི་ཀླུ་རྣམས་དང་།། ཡང་ན་མི་འམ་ཅི་དང་ནི།། མེ་མན་རྣམས་འགྲོན་གཉེར་ཏེ།། ཆོས་ཀྱི་སྦྱིན་པས་ཚིམ་པར་བགྱི།། བླ་ན་མེད་པའི་མདོ་སྡེ་འདི།།
159b2 སངས་རྒྱས་ཀྱིས་ནི་གསུངས་པ་ན།། ལྷ་མ་ཡིན་ཚོགས་དགའ་གྱུར་ནས།། མ་ཏག་དཔག་ཏུ་མེད་པར་འཐོད།། སངས་རྒྱས་ཀྱི་ནི་ཞིང་འདི་དག། མི་མཆོག་གརྒྱ་སེང་ག་ལི།། ཆོས་ཀྱི་རྒྱལ་པོ་སྐུ་གཅིག་གིས།། འང་རྣམས་ཐམས་ཅད
159b3 སྣང་བར་མཛད། ། སེམས་ཅན་སྙིང་པོའི་བདག་ཉིད་ཅན།། སྟོན་པ་ཡི་ནི་ལྗགས་ཕྱུང་ནས།། གང་གཱའི་བྱེམ་སྙེད་དག་གི། ཞིང་རྣམས་བྱེ་བ་ཁེབས་པར་མཛད།། དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་གྱི།། དི་རྣམས་བྱེ་བ་ཁེབས
159b4 མཛད་དེ། ། གནོན་ནུ་རིན་ཆེན་དྲ་བ་ཅན།། དཔའ་བོ་དང་ནི་ལིད་ཚ་བྱི།། བྱ་བ་དྲུག་བཅུ་ཙམ་དག་ནི།། ལྷན་ཅིག་ལྤགས་ལ་བཀའ་སྩལ་ཅིག། དེ་ནས་དེར་ནི་སྟོན་པ་ཡིས།། དེ་དག་ཆོས་ལ་གཟུང་བར་མཛད།། བདེ་བ་ཐམས་ཅད་སྦྱིན
159b5 མཛད་པ། སངས་རྒྱས་སྤྱན་ནི་ཐོགས་པ་མེད།། དེ་བཞིན་གཤེགས་རྣམས་དཔག་མེད་དེ།། སངས་རྒྱས་ཆོས་ལ་བ་ཅོམ་སངས།། སངས་རྒྱས་ཡེ་ཤེས་ཐོགས་མེད་དེ།། དུས་གསུམ་རྣམས་ལའང་འདུག་པར་མཛད། ས་རྣམས
159b6 ཀུན་ལ་མདའ་བརྙེས་པས། ། སངས་རྒྱས་ལ་ནི་མི་མཁྱེན་མེད།། ཕུང་པོ་རྣམས་ནི་མེད་པའོ་ཞེས།། མི་ཡི་འདྲེན་པ་སྟོན་པར་མཛད།། ཁམས་བཞི་དག་ནི་གསོག་དང་འདྲ།། གད་དུའང་སྒྲ་ལ་ཆགས་པ་མེད།། གཟུགས་དང་ཚོར
159b7 བའདུ་ཤེས་དང་། སེམས་པ་དང་ནི་འདུ་བྱེད་དང།། མ་ཤེས་བྲར་པོའི་སྙིང་པོན།། མེད་པ་དག་ཏུ་ཤེས་པར་བགྱི།། སངས་རྒྱས་ཀྱིས་ནི་གསུངས་པ་བཞིན།། དེཀར་ཟང་པོ་ནས་ཕྱེན།། སྲུང་དུ་གཟུངས་རྣམས་འཐོབ་འགྱུར་ཞིང་།། ཤིན
159b8 རྨོངས་པ་མེད་པར་འགྱུར། ། ཆོས་རྣམས་དག་ནི་གསོབ་དང་འདྲ།། ཐམས་ཅད་སྟོང་ཞིང་བདག་མེད་དོ།། རྩོད་པ་མེད་ཅིང་རྨོངས་མེད་པ།། དེ།། དེ་དེ་བཞིན་གཤེགས་པས་གསུང་།། གཞོན་ནུ་ལྷོ་ཕྱོགས་ལོགས་ན་གཞོན་ནུ་དཔེ་སྔ་མ་ལྟ་བཀྲ
iiif viewer powered by OpenSeadragon
159a - 160a