e-texts navigator
Collection
Volume
Page
Wylie

159a1 གིས་སངས་རྒྱས་འཁོར་ལོས་སྦྱར། ། འབུམ་ཕྲག་དག་ལ་བཀུར་བྱས་པས།། ཕྱི་མ་ཡི་ནི་དུས་དག་ཏུ།། ངས་མཐོང་བ་ལ་སོམ་ཉི་མེད།། གང་གིས་སྔོན་ནི་འཇིག་རྟེན་མགོན།། གྲངས་མེད་པ་ལ་བསྙེན་བཀུར་བྱས།།
159a2 དེ་ཡིས་འཇིག་རྟེན་མགོན་འདི་ཡི།། ཐོས་ཤིང་མཐོང་ལའང་ཡིད་ཆེས་སོ།། གང་ཞིག་མཚན་འདི་ཐོས་ནས་སུ།། སངས་རྒྱས་ཀྱི་ནི་གཟུགས་བྱེད་པ།། དེ་ནི་སངས་རྒྱས་ཐམས་ཅད་ཀྱི།། བསྟན་པ་དང་ནི་དམ་ཆོས་བསྲུང་།། གང་ཞིག
159a3 བྱང་ཆུབ་བསྟན་སྤངས་ན། ། བསྐལ་པ་བྱེ་བ་དག་ཏུ་ནི།། ལུག་ལྟར་ལུག་ཅིང་མི་ཉམས་ལ།། མིག་མེད་པ་དག་ཏུ་ཡང་འགྱུར།། གང་ཞིག་ལག་པ་གཅིག་གིས་ནི།། མཆོད་རྟེན་གྲངས་མེད་བཤིག་བྱས་པས།། གང་གིས་མདོ་སྡེ་འདི
159a4 སྤངས་ན། ། བྱད་ཆེས་སྡིག་པར་འདི་འགྱུར་རོ།། དེ་ལྟ་བས་ན་ད་སྨྲ་བ།། ཕྱི་མའི་དུས་ཚེ་འདི་རྙེད་ནས།། སངས་རྒྱས་ཡེ་ཤེས་བླ་མེད་ལ།། སོམ་ཉི་ཟ་བར་མ་བྱེད་ཅིག། མདོ་སྡེ་འདི་འདྲ་འདི་ཐོས་ནས།། མེ་ཏོག་སྤོས་དང་འཕན
159a5 རྣམས་དང་། ། གདུགས་དང་ཕྱེ་མ་གོས་རྣམས་ཀྱིས།། གུས་པར་བྱས་ཏེ་མཆོད་པར་གྱིས།། དེར་ནི་དེ་བཞིན་གཤེགས་པ་ཡིས།། ཕྱག་གཉེན་ཤིན་ཏུ་འཇམ་པ་ཡིས།། ལིད་ཚ་བྱི་ཡི་མགོ་བོ་ལ།། ཡང་དང་ཡང་དུ་བྱུག་པ་མཛད།།
159a6 དེ་ཡིས་རྗེས་ལ་ལྷ་རྣམས་ཀྱིས།། སྒྲ་སྐད་ཆེན་པོ་ཕྱུང་གྱུར་ཅིང་།། ལྷའི་མེ་ཏོག་ཀུ་སུ་མ།། ཡིད་འོང་གཏོར་ཅིང་ཞིང་འདི་བཀང་།། ལྷ་རྣམས་མཁའ་ལ་འདུག་ནས་སུ།། གླུ་དབྱངས་དཔག་ཏུ་མེད་པ་ལེན།། ཚངས་པ་ད།
159a7 ནི་བྱེ་བ་ཡིས།། ཙན་དན་དམར་པོའི་ཆར་ཕོབ་པོ།། དེ་བཞིན་གཤེགས་པས་མདོ་སྡེ་འདི།། གསུངས་ཚེ་དྲ་བ་ཅན་ཐོས་ཏེ།། སེམས་ནི་རངས་ཤིང་ཡིད་དགའ་ནས།། དེ་བཞིན་གཤེགས་ལ་ཚིག་གསོལ་པ།། ཕྱི་མའི་དུས
159a8 སུ་བདག་གིས་ནི། ། དགེ་སློང་བགྱིས་ལ་མི་འཇིགས་པར།། གྲོང་དང་གྲོང་ཁྱེར་རྣམ་དག་ཏུ།། མདོ་སྡེ་འདི་ནི་བཤད་པར་བགྱི།། སངས་རྒྱས་བཀའ་བཞིན་བདག་བགྱིད་དེ།། རྫོགས་སངས་རྒྱས་ལ་དཔལ་གྱིས་གསུངས




iiif viewer powered by OpenSeadragon

158b - 159b

Texts on this page

Q830 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo