| | e-texts navigator
|
158b1 ཏན་མགོན་པའི་མཚན། ། བོས་ནས་སོམཉ་མ་ཟ་ག། ར་ལི་ལུས་ན་འོད་ཟེར་གྱིས།། ཁྱབ་ཅིང་རིན་པོ་ཆ་ལྟར་འབྲུག་གང་ཞག་ཐུབ་པའི་མཚན་འཛིན་པ།། དེ་ནི་རྣམ་པར་འདས་གྱུར་ནས།། ལྷའི་ཅན་ན་དམ་པ་ལ།། ནས།
158b2 ལནས་རབ་ཏུ་འབྱུང། སློབ་པ་སེམས་ཅན་སྙིང་བ་ཡི། སངས་རྒྱས་ཀྱིས་ནི་མཚན་ཐོས་པ།། བཅུའི་དྲ་ནས་འོད་ཟང་དག། ཀྱིབས་ལུས་བྱབ་མཛེས་པར་འཐུང། ཚ་བས་དག་ནི་ཐམས་ཅད་དུ། ཐོས་པ་མ
158b3 འགྱུང་བ་སྟེ། ། ཀུན་དགའ་སངས་རྒྱས་ཇི་འདྲ་བའི།། བག་ཏུ་མང་བའི་ཐོས་པ་འཛིན། འཇིག་རྟེན་སྣང་བྱེད་དེས་མཐོང་ནས།། གནས་བྱས་མ་ལང་དགའ་བ་འཐོག།། བྱང་ཆུབ་སྐད་པ་སྤྱོད་པ་ན།། ཚ་རབས་ངག་རྙེ་ན
158b4 འགྱུར། རྒྱལ་བའི་བྲགས་སྲས་མཐོང་ནས་ཀྱང་། གཞལ་གྱིས་མི་ལང་དགའ་བ་འཐོབ།། སྤོས་དང་མེ་ཏིག་ཟུག་རྣམས་ཀྱིས། མཆོད་བ་དག་ནི་རྒྱ་ཆེན་བྱེད།། ཇིག་རྟེན་མནན་པར་མི་མཚན། བརྗོད་པ་འཛིན་པར་མི་བྱེད་དེ།།
158b5 བདུད་ཀྱི་ཕྱོགས་དང་སྔོན་ཆད་ནི།། མུ་སྟེགས་གྱུར་པ་མ་གཏོགས་སོ།། ང་ཡིས་ཚུལ་འདི་བཤད་པ་ན།། སྔོན་འདི་གང་གིས་འདི་ཐོས་པ།། ཕྱི་མའི་དུས་ཀྱི་ཚེ་དག་ཏུ།། དེ་ཡི་ལག་ཏུ་མདོ་སྡེ་འཐོག།། ཡིས་མདོ་སྡེ་དམ་པ་འ།
158b6 བཤད་པ་དག་ནི་སུས་ཐོས་པ།། མངོན་ནི་མཆོད་ཅིང་བཀུར་སྟི་བྱས།། དེ་ཡི་ལག་ཏུ་འདི་འཐོབ་པོ།། གང་གིས་སྨོན་ལམ་བཏབ་པ་ནི།། ཕྱི་མའི་དུས་ཀྱི་ཚེ་དག་དུ།། ཆོས་ཀྱི་རྒྱལ་པོས་གསུངས་པ་ཡི།། མདོ་འདི་ལག་ཏུ་འཐོབ་པར
158b7 འགྱུར། ། གང་ཞིག་སེམས་ནི་རྩེ་གཅིག་གིས།། སངས་རྒྱས་གྲངས་མེད་བཀུར་སྟི་བས།། མདོ་འདི་ལ་ནི་གང་དད་པ།། དེ་བས་བསོད་ནམས་འདི་མང་འགྱུར།། རྟག་ཏུ་གཟུགས་བཟང་བསོད་ནམས་ལྡན།། ཤིན་ཏུ་འཇིགས་མེད་ལོས
158b8 སྤྱོད་ལྡན། ། དྲན་དང་ལྡན་ཞིང་མཚན་རྣམས་ཀྱིས།། མངོན་པར་བརྒྱན་པ་དག་ཏུ་འགྱུར།། ལྟ་བས་ན་མདོ་སྡེ་འདི།། ཐོས་ནས་ཕྱི་མའི་དུས་ཀྱི་ཚེ།། གཟུང་ཞིང་ཡང་དག་བསྟན་པ་དང་།། གཞན་དག་ལ་ཡང་བསྟན་པར་གྱིས།། གང
iiif viewer powered by OpenSeadragon
158a - 159a