e-texts navigator
Collection
Volume
Page
Wylie

158a1 སངས་རྒྱས་རྣམས་ཀྱ་གས་པ་ལ།། ཆོས་རྣམས་དདག་འཛིན་པར་བྱེད། སྒྲུབ་པ་དེ་མི་མཚན་ཐོས་པ།། སགཅགས་བྱ་བནན་ཏན་གྱིས།། འདུལ་བར་བྱེད་ཅིང་རབ་ཏུ་འགད་། ཐམས་ཅད་བྱང་ཆུབ་བུར་འཛན
158a2 གོ། ། ང་ཡིས་མཐོང་ལའང་ཡིད་ཆེས་པ།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། རབ་ཏུ་བསྟན་པ་འཛིན་འགྱུར་ཞིང་།། སངས་རྒྱས་རྣམས་ཀྱང་མཆོད་པར་འགྱུར།། སངས་རྒྱས་མཁྱེན་ལ་གང་དང་པ།། ངས་མཐོང་བ་ལའང་དེ་ཡིད་ཆེས།།
158a3 འཆིང་བ་རྣམ་ལས་དེ་རྣམ་འགྲོལ།། ཀློང་ལས་རྒ་བ་ཅིང་འཇིགས་པ་མེད།། གང་ཞིག་དམ་པའི་ཆོས་སྤོང་བ།། དེ་ནི་བདུད་ཀྱི་སྡེ་ཡིན་ནོ།། འགྲོ་བ་ལྔ་རུ་འགྲོ་བ་ཡི།། སེམས་ཅན་ཀུན་གྱི་བ་སྤུ་གང།། དེ་ནི་སྟོན་པའི་བུས་མོ་ཡི།། ལྷར་གཅིག་གི
158a4 བ་སྤར་སྡུད། ། སྐྱོབ་པ་འཇིག་རྟེན་མགོན་པོ་ཡི།། བ་སྤུ་གཅིག་གི་ཁུང་བུ་ནས།། ཇི་ལྟར་གང་གཱའི་བྱེ་མ་སྙེད།། དེ་སྙེད་འོད་ཟེར་འབྱིན་པར་མཛད།། གང་ཞིག་འཇིག་རྟེན་མགོན་འདི་ཡི།། འོད་ཟེར་མཐའ་ཡས་ལ་ཡིད་ཆེས།། ཚེ་གཅིག
158a5 གིས་ནི་སངས་རྒྱས་རྣམས། ། སངས་རྒྱས་བྱེ་བ་མཐོང་བར་འགྱུར།། ཆོས་ཀྱི་རྒྱལ་པོས་མདོ་སྡེ་འདི།། བཤད་པ་གང་ཞིག་ཐོས་གྱུར་ནས།། རྣམས་ཀྱང་ཡིད་གཉིས་མི་ཟ་བ།། དེ་ནི་ང་དང་འདྲ་བར་འགྱུར།། ཡངས་པ་ཅན་དུ་མདོ་སྡེ་འདི།།
158a6 བཤད་པའི་ཚེ་ན་སུས་ཐོས་པ།། དེ་ནི་ཕྱི་མའི་དུས་སུ་ངེས།། གཞན་ལ་ཡང་དག་རབ་ཏུ་སྟོན།། ཇི་ལྟར་གང་གཱའི་བྱི་མ་དག། མི་གང་གིས་ནི་མང་བརྗོད་པ།། དེ་སྙེད་འཇིག་རྟེན་ཁམས་རྣམས་སུ།། འོད་ཟེར་གཅིག་གིས་ཁྱབ་པར་བྱེད།།
158a7 སངས་རྒྱས་ཞིང་རྣམས་ཐམས་ཅད་དག། བགྲང་བའི་ཚུལ་གྱིས་མི་ཆོད་པ།། གསེར་རྣམས་ཀྱིས་ནི་བཀང་ནས་སུ།། འཇིག་རྟེན་མགོན་ལ་ཕུལ་བ་བས།། འདི་ཡི་མཚན་ནི་ཐོས་ནས་སུ།། དགའ་བ་བཟང་པོ་སྐྱེས་གྱུར་ཏེ། སངས
158a8 རྒྱས་ཕྱག་འཚལ་ཞེས་བརྗོད་པ། ། དེ་ཡི་བསོད་ནམས་བསམ་མི་བྱག། འཇིག་རྟེན་མགོན་ནི་ཐམས་ཅད་ལ།། ཡང་དང་ཡང་དུ་ཕྱག་འཚལ་བ།། དེ་ཡི་བསོད་ནམས་ཕུང་པོ་ནི།། ཚད་ནི་བཤད་པར་མི་ནུས་སོ།། གང་ཞིག་འཇིག




iiif viewer powered by OpenSeadragon

157b - 158b

Texts on this page

Q830 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo