| | e-texts navigator
|
157b1 བ་མ་ནམས་པ། ། སྔོན་མ་བསམ་ཀྱིས་མ་ཁྱབ་པལ། བསྟན་པཐང་སངས་རྒྱས་དགལ་བྱས། དག་ཐམས་ཅད་རྫས་དྲན་འགྱུར། གཆགས་ག་ནམས་པདུ་དག་དྲ། ཁ་ནན་བསྟན་པར་བྱས་གྱུར་ན། མམས་ཅན་གན
157b2 གྱིས་དེ་མཐོང་ཞིང་། ། ངེས་པར་བྱང་ཆུབ་འགྱུར་བ་ཡིན།། སངས་རྒྱས་ལ་ནི་དང་བསྐྱེད་པས།། མི་ཁོམ་ཐམས་ཅད་རྣམ་པར་སྤངས།། ཅོད་དང་འབྱེད་པ་བྱས་པས་ནི།། མི་ཁོམ་རྣམས་སུ་སྐྱེ་བར་འགྱུར།། ཐུབ་པ་ཆེན་པོ་དེ་ཡི་མཚན།། སེམས་ཅན
157b3 གཅིག་ཅིག་ཐོས་བྱས་ན། ཅོད་པ་དང་ནི་འགྱེད་པ་དང་།། ཡིད་ལ་བྱེད་པར་མི་འགྱུར་རོ།། གལ་ཏེ་མནར་མེད་པ་ཡི་ལས།། བསྐལ་པར་གནས་པར་འགྱུར་བ་དག། གླང་ན་ཙམ་ཞིག་བསྐྱོང་ནས་སུ།། ལས་ཀུན་རྣམ་པར་སྨིན་མི་འགྱུར།། དེ་ལ
157b4 མེས་ནི་མི་ཚིག་ཅིང་། ། ཆུ་ཡི་ནང་དུ་འཆི་མི་འགྱུར།། དེ་ལ་རྒྱལ་པོ་རབ་ཁྲོས་ཀྱང་།། མྱུར་བ་ཉིད་དུ་ཞི་བར་འགྱུར།། གང་ཞིག་ཐུབ་པའི་མཚན་འཛིན་པ།། ནམས་ཀྱང་ལོང་བ་ཞར་བ་དང་།། ཐེང་དང་སྒུར་དང་ལུས་ཉམས་དང་།། ནད་ནི་མང་པོར
157b5 མི་འགྱུར་རོ། ། གནོད་སྦྱིན་དྲི་ཟ་ཡི་དགས་དང་།། གུལ་བུམ་སྲིན་པོ་མི་རྣམས་ནི།། སྡིག་ཅན་མ་རུང་བ་རྣམས་དག། མི་དེ་ལ་ནི་གནོད་མི་བྱེད།། ག་ཤིག་ཐུབ་པའི་མཚན་འཛིན་པ།། འབྱུང་པོ་དྲི་ཟེ་གནོད་སྦྱིན་རྣམས།། ཀླུ་དང་ལྷ་རྣམས་ཐམ
157b6 ཅད་ཀྱི། ། ཡིད་དུ་འོང་ཞིང་དགའ་བར་འགྱུར།། འདིར་ནི་སྐྱོབ་པའི་མཚན་ཐོས་པ།། ཤིན་ཏུ་བསགས་པ་དམ་པའི་དབྱངས།། ཏིང་འཛིན་མྱུར་དུ་ཐོབ་པར་འགྱུར།། ཡོན་ཏན་བྱེ་བ་རབ་ཏུ་སྒྲོགས།། གང་ཞིག་འཇིག་རྟེན་མགོན་པོའི་མཚན།།
157b7 ཐོས་ནས་སོམ་ཉི་མི་ཟ་བ། ཕྱི་མའི་དུས་ཀྱི་ཆ་དག་ཏུ།། དེ་ཡིས་བྱང་ཆུབ་འདི་འཛིན་ཏོ།། ཐུབ་པ་ཆེན་པོའི་མཚན་ཐོས་པ།། སངས་རྒྱས་མྱ་ངན་འདས་རྣམས་ཀྱི།། ལེགས་པར་གསུངས་པའི་ཆོས་ཀྱི་ཚུལ།། འཛིན་ཅིང་ཡང་དག་རབ་ཏུ
157b8 སྟོན། ། སངས་རྒྱས་ཀུན་གྱི་ལེགས་གསུངས་པའི།། ཆོས་དེ་རྣམས་ནི་དེས་འཛིན་ཏེ།། བཀོད་པ་མཆོག་ནི་དེས་བྱེད་ཅིང་།། སངས་རྒྱས་ཀུན་ལ་བསྙེན་བཀུར་བྱེད།། དེ་ནས་འཆི་བའི་དུས་བྱས་ནས།། སངས་རྒྱས་བྱེ་བ་དེས་མྱུར་མཐ།
iiif viewer powered by OpenSeadragon
157a - 158a