| | e-texts navigator
|
157a1 མི་ཁོམ་པ་ཐམས་ཅད་ཀྱང་སྤོང་ཞིང་དལ་བ་ཕུན་སུམ་ཚོགས་པ་ཡང་འཐོབ་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པས་བཀའ་སྩལ་པ། གང
157a2 ཞིག་འཇིག་རྟེན་མགོན་པོའི་མཚན། ། ཐོས་ནས་སོམ་ཉི་མི་ཟ་ཞིང་།། ངས་མཐོང་བ་ལའང་ཡིད་ཆེས་པ།། དེ་ནི་ཡོན་གནས་འོས་མ་ཡིན།། རྟག་ཏུ་འཁོར་ལོས་སྒྱུར་བ་ཡི།། རྒྱལ་སྲིད་འཐོབ་ཅིང་སངས་རྒྱས་མཐོང་།། མཐོང་ནས
157a3 དཔག་ཏུ་མེད་པ་དང་། ། བསམ་གྱིས་མི་ཁྱབ་མཆོད་པ་བྱེད།། རྟག་ཏུ་ཚངས་པར་སྤྱོད་པ་དང་།། མངོན་པར་ཤེས་རྣམས་རྟོགས་པར་འགྱུར།། སངས་རྒྱས་མཐོང་ནས་བརྒྱ་འཁྱིལ་པའི།། གཟུངས་ཀྱང་དེ་ཡིས་འཐོབ་པར་འགྱུར།། ཇི
157a4 ལྟར་གང་གཱའི་བྱེ་མ་སྙེད། ། དེ་སྙེད་སངས་རྒྱས་མཐོང་བར་འགྱུར།། དེ་སྙེད་བསྐལ་པ་བྱེ་བ་རུ།། འཁོར་བ་དག་ནི་སྤངས་པར་འགྱུར།། གང་ཞིག་འཇིག་རྟེན་མགོན་པོའི་མཚན།། ཚོགས་དང་དགེ་འདུན་དག་ལ་བརྗོད།། དེ་ཡི་སེམས་ནི་མི་རྨོས
157a5 ཤིང་། ། སངས་རྒྱས་བྱང་ཆུབ་རྒྱུ་བྱེད་དོ།། རྟག་ཏུ་སྲེད་མེད་བུ་འདྲ་ཞིང་།། ལུས་དབྱིབས་གཅིག་ལ་སྤྲི་ཛ་བཞི།། ལུས་ནི་གསེར་གྱི་མདོག་འདྲ་ཞིང་།། སུམ་བཅུ་རྩ་གཉིས་མཚན་འཆང་འགྱུར།། གང་ཞིག་མཚན་ནི་ཐོས་ནས་སུ།། ཡན་ལག
157a6 ལྔ་ཡི་ཕྱག་བྱས་ན། ། རྟག་ཏུ་ཚངས་པའི་དབྱངས་ལྡན་ཞིང་།། མི་ཁོམ་པ་ཡང་སྤངས་པར་འགྱུར།། གང་ཞིག་འཇིག་རྟེན་མགོན་པོའི་མཚན།། ཐོས་ནས་སོམ་ཉི་མི་ཟ་བ།། དེ་ནི་བྱང་ཆུབ་ལ་མི་འགོད།། དེ་ནི་ནམས་ཀྱང་སོམ་ཉི་མེད།། གང་ཞིག
157a7 ཉིན་དང་མཚན་བདུན་དུ། ། ཚངས་པར་རྒྱལ་པའི་མཚན་མཛིན་པ།། ས་ས་རྒྱས་བསྔགས་པ་མཐའ་ཡས་པའི། མིག་ནི་རྣམ་པར་དག་པར་འཐག། མི་དེ་ཡི་ནི་གའི་མིག། ལྷའི་མིག་ཏུ་རྣམ་སྤྱོང་སྟེ།། གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། ས
157a8 རྒྱས་མང་པོ་མཐོང་བར་འགྱུར། ཐམས་ཅད་ལ་ནི་མཚད་བྱེད་ཅིང་། ཐམས་ཅད་ལས་ནི་ཐོས་པ་འཛིན། རྐེ་ཐམས་ཅད་མཐོང་ནསས། མིན་མ་ཐཐམས་ཅད་དབུགས་འབྱིན་། དེ་བཞིན་པཤས
iiif viewer powered by OpenSeadragon
156b - 157b