e-texts navigator
Collection
Volume
Page
Wylie

107b1 སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་མངོན་པར་འདྲ་བར་འགྱུར་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་ཆགས་ཐམས་ཅད་ཀྱིས་བསྔགས་པར་འགྱུར་བ་རྣམས་ལགས
107b2 ཇིགྷར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་སྤྱོད་པ་ཐམས་ཅད་ལ་སྤྲས་པ་མ་མཆིས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་དག་ལ་རྒྱ་མཚོ་ལྔ་པྲ་རྣམས
107b3 ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་དབང་སྒྱུར་བས་དབང་ཕྱུག་ཏུ་གྱུར་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྱི་བ་ཐམས་ཅད་ལ་སློབ་དཔོན་དུ
107b4 གྱུར་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དུལ་ན་མཐོ་བ་མ་མཆིས་ཤིང་ཡོན་ཏན་རྣམ་པ་ཐམས་ཅད་དང་ལྡན་པ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན
107b5 འདས་ཀྱིས་ལྷའི་བུ་རབ་རྩལ་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རབ་རྩལ་སེམས་ལེགས་སོ་ལེགས་སོ།། ལྷའི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་ལས་མངོན་པ་འཕག
107b6 འཇིག་རྟེན་གྱི་ཡོངས་སུ་འདྲེན་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། བསྐལ་པ་གྲངས་མེད་པ་ནས་གོ་ཆ་བགོས་པ། བརྩོན་འགྲུས་ཤིན་ཏུ་བརྟན་པ། དེད་དཔོན་ཆེན་པོ། སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ། སེམས་ཅན
107b7 དཔག་ཏུ་མེད་པ་ཟད་བདེ་བ་ལ་རབ་ཏུ་འགོད་པ་ལ་མཁས་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བ་ནི་ཡང་ཁྱོད་ལེགས་སོ།། ལྷའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན
107b8 ལ་ཡིད་ལ་ཟུད་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོན་ཏན་གྱི་ཁྱད་པར་དེ་དག་དང་གཞན་དག་ཀྱང་འཐོབ་པར་འགྱུར་བ་ངས་ཁྱོད་ལ་བཤད་པར་བྱའོ།། ལྷའི་བུ་རབ་རྩལ་སེམས




iiif viewer powered by OpenSeadragon

107a - 108a

Texts on this page

Q828 - 'phags pa lha'i bu rab rtsal sems kyis zhus pa zhes bya ba theg pa chen po'i mdo