| | e-texts navigator
|
214a1 བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རིལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ
214a2 མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་ཕྲག་དུ་མས་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ།། དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་བཅུ་རྩ་བརྒྱད་དང་། ཀླུའི་བུ་མོ་བརྒྱད་ཁྲི
214a3 བཞི་སྟོང་གིས་བསྐོར་ཏེ་མདུན་དུ་བདར་ནས་སིལ་སྙན་དང་། གླུ་དབྱངས་ལེན་ཅིང་ཀླུའི་མཐུ་ཆེན་པོ་དང་། ཀླུའི་རྫུ་འཕྲུལ་ཆེན་པོས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྲུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང
214a4 རྒྱལ་མཚན་དང་། བ་དན་རྣམས་ཐོགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཇི་ལྟར་ཐོགས
214a5 པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་ཁྲུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་ཁ་དན་དང་། སིལ་སྙན་དང་། ཕེག་རྡོབ་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། གུས་པ་དང་བཅས།། ཞེས་དང
214a6 བཅས་ཤིང་རང་གི་སྐྱེ་བོའི་འཁོར་དང་ཕྱོགས་གཅིག་ཏུ་འདུག་གོ། ། འདུག་ནས་ཀྱང་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོར་ཏོ།། གལ་ཏེ་ཞུས་ནས་ཞུབ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ
214a7 སྐབས་དབྱེ་བར་གནང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཀླུའི
214a8 རྒྱལ་པོ་མ་དྲོས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀླུའི་བདག་པོ་ཁྱོད་སེམས་ཅན་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པ་ལ་ཅི་འདྲ་བ་ཞིག་ཡོངས་སུ་དྲི་བར་འདོད། གསོལ་པ། བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའ
iiif viewer powered by OpenSeadragon
213b - 214b