e-texts navigator
Collection
Volume
Page
Wylie

213a1 བཅུའི་ལས་ཀྱི་ལམ་འདི་དག་གིས་སྟོབས་བཅུ་ཡོངས་སུ་རྫོགས་པར་འགྱུར་རོ། ། མི་འཇིགས་པ་བ་ནི་འཐོབ་པ་དང་། སངས་རྒྱས་ཀྱི་ཆོས་ས་འདྲེས་པ་བཅོ་བརྒྱད་འཐོབཔ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་འཐོབ་པ
213a2 ཡོངས་སུ་རྫོགས་པར་འགྱུར་རོ། ། ཀླུའི་བདག་པོ་དེ་བས་ན་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཏུ་ཚར་རྣམ་པར་དབྱེ་བས་བརྒྱན་པའི་ཕྱིར་བཙོན་པར་གྱིས་ཤིག། ཀླུའི་བདག་པོ་འདི་ས་ཏེ། དཔེར་ནས་ལ་གནས་པའི་གྲོང་དང་། གྲོང་ཁྱེར་དང་། གྲོང
213a3 བརྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དང་། རྫ་དང་། ཤིང་གེས་པ་དང་། སྨན་དང་། ནགས་ཚལ་ཐམས་ཅད་དང་། ལས་ཀྱི་མཐའ་ཐམས་ཅད་དང་། ས་བོན་ཅི་ཚོགས་ཐམས་ཅད་དང་། འབྱུང་བའི་ཚོགས
213a4 ཐམས་ཅད་དང་། ལོ་ཏོག་ཐམས་ཅད་བསྐྱེད་པ་དང་། རྨོ་བ་བརྐོ་བ་བྱ་བ་འབྱུང་བ་དེ་དག་གི་གནས་ནི་ས་ཡིན་ནོ།། ཀླུའི་བདག་པོ་དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱང་ལྷ་དང་མིར་སྐྱེ་བའི་རྟེན་ཏོ།། སློབ་པ་དང་མི་སློབ་པའི་འབྲས་བུ་རྙེད་པ
213a5 དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་རྟེན་ཡིན་པ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་གྱི་རྟེན་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།།
213a6 ཀླུའི་རྒྱལ་པོ་རྒྱ་མཚོ་དང། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
213a7 མངོན་པར་བསྟོད་དོ། ། འཕགས་པ་ཀྱུའི་རྒྱལ་པོ་རྒྱ་མཆོས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མ་རྫོགས་སྷོ།། ། རྦྷ་གར་སྐད་དུ། ཨཱརྱཱ་སཱ་ག་ར་ནཱ་ག་རཱ་ཛ་བ་རི་པྲི་ཙུ་ན་མ་མ་ཧཱ་ཡཱ་ན་སཱཿ། བོད་སྐད
213a8 འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོ་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐན་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ




iiif viewer powered by OpenSeadragon

212b - 213b

Texts on this page

Q821 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo
Q822 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo