| | e-texts navigator
|
210b1 ཀྱི་ནང་དུ་མི་ཁོམ་པ་དང་བྲལ་བ་ཡིན་ཏེ། ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡོན་ཏན་གྱི་ཆོས་བཅུ་པོ་དེ་དག་འཐོབ་པོ།། ལོག་པར་ལྟ་བ་སྤངས་པའི་དགེ་བའི་རྩ་བ་ཏེགས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས
210b2 པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དགེ་བའི་རྩ་བ་དེས་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་འགྱུར་ཏེ། མངོན་པར་ཤེས་པ་མྱུར་བའི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལས་འདི་དག
210b3 ནིའཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རྩ་བ་དང་རྟེན་ཏོ།། བཟློག་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། དེ་དག་ཤས་ཆེར་བསྟེན་ཅིང
210b4 བསྒོམས་ཏེ་མང་དུ་བྱས་ན་སེམས་ཅན་དམྱལ་བའི་རྒྱུའོ། ། འབྲིང་ནི་རུད་འགྲོའི་སྐྱེ་གནས་ཀྱི་རྒྱུའོ།། ཆུང་ངུ་ནི་གཤིན་རྗེའི་འཇིག་རྟེན་གྱི་རྒྱུའོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ན་སེམས་ཅན་དམྱལ
210b5 པབར་ཁྲིད་དོ། ། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ཚེ་ཐུང་བ་དང་། ནད་མར་བར་འགྱུར་བའོ།། མ་བྱིན
210b6 པར་ལེན་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། ། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ལོངས་སྤྱོད
210b7 ཆུང་བ་དང་། ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བའོ།། འདོད་པ་ལ་ལོག་པར་གཡེམ་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་གལ་ཏེ་མི་རྣམས་ཀྱི
210b8 ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། གཡོག་འཁོར་ཡིད་བརྟན་དུ་མི་རུང་བ་དང་། འགྲན་ཟླ་དང་བཅས་པའི་ཆུང་མར་འགྱུར་བའོ།། བརྫུན་དུ་སྐབས་ནི་སེམས་ཅན་དམྱལ་བར་ཁྲིད་དོ།། དུད་འགྲོའི་སྐྱེ
iiif viewer powered by OpenSeadragon
210a - 211a