| | e-texts navigator
|
209a1 འགྱུར་བ་དང་། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ་བ་མེད་པར་འགྱུར་བ་དང་། ཆོ་ག་བཟུང་བར་འོས་པས་ནགཏན་པར་འགྱུར་བ་དང་། ཤེས་རབ་ཐོབ་པས་ལྷ་དང་མི་རྣམས་ཀྱི་ནང་དུ་ཁ་ན་མཐབ་མེད་པར་འགྱུར་བ་ཡིན་ཏེ།
209a2 ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སངས་པའི་སྐྱེས་བུ་གང་ཟག་ནི་ལྷ་དང་མིས་བསྔགས་པའི་ཚེས་བརྒྱད་པོ་དེ་དག་འཐོབ་བོ།། བརྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ
209a3 ན། དེ་དགེ་བའི་རྩ་བ་དེས་བདེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ།། ཀླུའི་བདག་པོ་ཕྲ་མའི་ཚིག་སྤངས་པའི་སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་འཐོབ་བོ།། ལྔ་གང་ཞེ་ན། འདི་ལྟ་སྟེ། གཞན་གྱི་གནོད་པའི་འཇིགས་པ་ཐམས་ཅད་ལས
209a4 ཤིན་དུ་འདའ་བས་ལུས་མི་ཕྱེད་པ་འཐོབ་པ་དང་། གཞན་དག་གི་ལ་ཆགས་པ་མེད་པས་གཡོག་མི་ཕྱེད་པ་འཐོབ་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་དད་པ་མི་བྱེད་པ་འཐོབ་པ་དང་། སྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས
209a5 མི་བྱེད་པ་འཐོབ་པ་དང་། མི་སྦུབས་མཛའ་བོ་མི་ཕྱེད་པ་འཐོབ་པ་སྟེ། ཀླུའི་བདག་པོ་ཕྲ་མའི་ཚིག་སྤངས་པའི་སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་པོ་དེ་དག་འཐོབ་བོ།། ཕྲ་མའི་ཚིག་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག
209a6 པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་དགེ་བའི་རྩ་བ་དེས་གཡོག་མི་ཕྱེད་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དེའི་འཁོར་དབྱེ་བར་མི་ནུས་སོ།། ཀླུའི་བདག
209a7 པོ་ཚིག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི་ངག་གི་ལས་ཡོངས་སུ་དག་པ་བརྒྱད་འཐོབ་བོ། ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚིག་རན་པ་དང་། ཕན་པའི་ཚིག་དང་། རིགས་པའི་ཚིག་དང་། འཇམ་པའི་ཚིག་དང་། བཟུང་བའི་ཆོ་ག་དང་། མཉན
209a8 པའི་ཚིག་དང་། སྐྱེ་བོ་མང་པོ་དགའ་བའི་ཚིག་དང་། མ་སྨད་པའི་ཚིག་ཡིན་ཏེ། ཀླུའི་བདག་པོ་ཚིག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི་ངག་གི་ལས་ཡོངས་སུ་དག་པ་བརྒྱད་པོ་དེ་དག་འཐོབ་བོ།། ཚིག་རྩུབ་པོ་སྤངས་པའི་དགེ
iiif viewer powered by OpenSeadragon
208b - 209b