| | e-texts navigator
|
208b1 ཚོགས་པ་རབ་ཏུ་འཛིན་པར་འགྱུར་རོ། ། དེའི་སེམས་སྦྱིན་པ་ཡང་དག་པར་འགྱེད་པ་ལ་འགྲོ་བར་འགྱུར་རོ།། ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པ
208b2 དེ་ལྟར་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་བཅུ་པོ་དེ་དག་འཐོབ་པོ། ། མ་བྱིན་པར་ལེན་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ
208b3 སྔོན། དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གི་མངོན་པར་ཤེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།།
208b4 ཀླུའི་བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་མཁས་པས་སྔགས་པའི་ཆོས་བཞི་འཐོབ་བོ།། བཞི་གང་ཞེ་ན། འདི་ལྟ་སྟེ། དབང་པོ་སྡོམ་པ་དང་། རྒོད་པ་ལས་ཡང་དག་པར་འདའ་བ་དང་། འཇིག་རྟེན
208b5 ཐམས་ཅད་ཀྱིས་བསྔགས་པ་དང་། ཆུང་མ་མི་འཕྲོགས་པ་སྟེ། ཀླུའི་བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་མཁས་པས་བསྔགས་པའི་ཆོས་བཞི་པོ་དེ་དག་འཐོབ་བོ།། འདོད་པ་ལ་ལོག་པར
208b6 གཡེམ་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་དགེ་བའི་རྩ་བ་དེས་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པ་འཐོབ་བོ།། ཀྭའི་བདག་པོ་བརྫུན་དུ
208b7 སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ལྷ་དང་མིས་བསྔགས་པའི་ཆོས་བརྒྱད་འཐོབ་བོ། ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཨུད་པ་ལའི་དྲི་འབྱུང་བས་ཁ་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཚད་མར་འགྱུར
208b8 བ་དང་། ལྷ་དང་མི་དགའ་བས་དབང་ཅིག་པོར་འགྱུར་བ་དང་། དབུགས་འབྱིན་པས་འབྱུང་པོ་རྣམས་དོགས་པ་མེད་པར་འགྱུར་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལུས་དང་། ངག་དང་། སེམས་ཡོངས་སུ་དག་པར
iiif viewer powered by OpenSeadragon
208a - 209a