e-texts navigator
Collection
Volume
Page
Wylie

208a1 ཡིན་ནོ། ། དེའི་ཞེ་སྡང་གི་བག་ཆགས་ཡང་དག་པར་ཆད་པ་ཡིན་ནོ།། དེས་ནད་ཉུང་བར་འགྱུར་བར་སྒྲུབ་པ་ཡོངས་སུ་བཟུང་བ་ཡིན་ནོ།། དེས་ཚེ་རིང་བར་འགྱུར་བའི་ས་བོན་བཏབ་པ་ཡིན་ནོ།། དེ་ལ་མེ་མ་ཡིན་པ
208a2 རྣམས་ཀྱང་བསྲུང་བ་དང་། བསྒྲུབ་པ་དང་། སྦེད་པར་བྱེད་དོ།། བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། སྡིག་པའི་རྨི་ལམ་མི་མཐོང་བ་ཡིན་ནོ།། དེ་ཉལ་བ་ན་ཡང་ལྷ་རྣམས་སྲུང་བར་བྱེད་དོ།། དེ་ལ་ཤར་གཉེར་བ་མེད་པ་ཡིན་ཏེ། ཤ
208a3 གཉེར་བའི་བག་ལ་ཉལ་མེད་པ་ཡིན་ནོ། ། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་དང་གི་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་སྲོག་གཅོད་པ་སྤངས་པའི
208a4 སྐྱེས་བུ་གང་ཟག་ནི་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་པོ་དེ་དག་འཐོབ་པོ། ། སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་དགེ་བའི་རྩ་བ་དེས་བྱང
208a5 ཆུབ་ཐོབ་པ་ན་སེམས་ཀྱི་དབང་གིས་ཚེ་ཚད་མེད་པར་འགྱུར་རོ། ། ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བརྟན་པའི་ཆོས་བཅུ་འཐོབ་གོ་བཅུ་གང་ཞེ་ན། འདི་ལྟ་སྟེ། ལངས་སྤྱོད་ཆེ་ཞེང་དེའི་ལོངས་སྤྱོད
208a6 དེ་དག་རྒྱལ་པོ་དང་། རྐུན་པོ་དང་། མེ་དང་། ཆུ་དང་། མ་མཛའ་བ་དང་། ཉེ་མཚམས་ཀྱིས་མི་འཕྲོགས་པ་ཡིན་ནོ།། སྐྱེ་བོ་མང་པའི་ཡིད་དུ་འོང་བས་སྐྱེ་བོ་མང་པོ་དགའ་བ་ཡིན་ནོ།། ཉེ་བའི་ཉོན་མོངས་པ་མེད་པ་ཡིན་ནོ།། ནོར་འབྲེལ
208a7 རྣམས་ལ་ཡིད་བརྟན་དུ་རང་བ་ཡིན་ནོ། ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་བསྔགས་པ་བརྗོད་ཅིང་དེ་ལ་ཕ་རོལ་གྱི་གནང་པའི་འཇིགས་པ་ཐམས་ཅད་མེད་པ་ཡིན་ནོ།། དེའི་དགེ་བ་བརྗོད་པའི་སྐད་ང་ཚོགས་སུ་བཅད
208a8 པ་མངོན་པར་འཕགས་པར་འགྱུར་རོ། ། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འཇུག་སྟེ་ཞུ་མཁུམ་པོ་མེད་པར་འགྱུར་རོ།། ཚེ་དང་། སྟོབས་དང་། ཁ་དོག་དང་། བདེ་བ་དང་། སྤོབས་པ་དང་། ལོངས་སྤྱོད་དང་། ཕྱུག་པ་ཕུན་སུམ




iiif viewer powered by OpenSeadragon

207b - 208b

Texts on this page

Q821 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo