e-texts navigator
Collection
Volume
Page
Wylie

207b1 བྱེད་པར་འགྱུར་རོ། ། མགྲ་པར་བྱས་ནས་ཀྱང་སྟི་སྟང་བྱེད་པར་འགྱུར་རོ།། སྤྱི་སྟང་བྱས་པའི་རྭ་ལས་བྱུང་བས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྟི་སྟང་བྱས་པར་འགྱུར་རོ།། ཀྭའི་བདག་པ་ཚས་ཅིག་གིས་སེམས་ཅན་ཐམ་ཅད
207b2 ཀྱི་ངན་འགྲོ་ངན་སོང་མི་ཁོམ་པའི་ལམ་ཐམས་ཅད་ཡང་དག་པར་གཅོད་དོ། ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་ཞག་རྣམས་འགྲོ་ཞིག་གུ་སྙམ་དུ་དགེ་བའི་མོ་པས་ལབ་ཏུ་རྟོག་པའོ།། དེ་དེ་ལྟར་དགེ་བའི་ཚེ
207b3 ལ་རབ་ཏུ་རྟོག་པ་མེད་པས་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་སྐབས་མི་འབྱེད་དོ། ། དེ་མི་དགེ་བའི་ཆོས་སྤངས་ཏེ་དགེ་བའི་ཆོས་དང་ལྡན་པས་བསམ་པ་དགེ་བའི་སེམས་ཅན་འདི་ལྟ་སྟེ། སངས་རྒྱས་དང་།
207b4 བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་འགྲོགས་པ་རྙེད་པར་འགྱུར་རོ།། ཀླུའི་བདག་པོ་དེ་ལ་དགེ་བའི་ཆོས་རྣམས་གང་ཞེ་ན། དགེ་བའི་ཆོས་རྣམས་ཤེས་བྱ་བ་ནི་ལྷ་དང་མིའི་ཕུན་སུམ་ཚོགས་པའི
207b5 རྩ་བ་དང་རྟེན་ཏོ། ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བ་དང་རྟེན་ཏོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་དང་རྟེན་ཏོ།། དེ་ལ་རྩ་བ་དང་རྟེན་གང་ཞེ་ན། གང་འདི་དགེ་བ་བཅུའི་ལས་ཀྱི་བདས་སོ།། དགེ་བ་བཅུའི
207b6 ལས་ཀྱི་ལམ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མབྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་སྨྲ་བ་དང་། ཕྲ་མ་དང་། ཚིག་ནུབ་བོ་དང་། ཚིག་ཀྱལ་བ་དང་། བརྡབ་སེམས་དང་། གནོད
207b7 སེམས་དང་། ལོག་པར་ལྟ་བ་སྤང་བའོ།། འདི་དག་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རྣམས་ཀྱི་རྩ་བ་དང་རྟེན་ཏོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི
207b8 སྐྱེས་བུ་གང་ཟག་ནི་རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་འཐོབ་བོ། ། བཅུ་གང་ཞེ་ན། འདི་ལྟ་སྟེ། འདིས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་པ་ཡིན་ནོ།། དེ་སེམས་ཅན་ཐམས་ཅད་ལ་བྱམས་པར་དམིགས་པ་ལ་གནས་པ




iiif viewer powered by OpenSeadragon

207a - 208a

Texts on this page

Q821 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo