| | e-texts navigator
|
205b1 བཅུ་ཅུ་དྲུག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བྱང་ཆུབ་སེམས་དཔའ་དྲུག་ཁྲིན་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་ནམ
205b2 བདྲུག་དང་མཚན་མཆེན་པོ་བཅོ་བརྒྱད་དུ་རབ་ཏུ་གཡོས་པར་གྱུར་ཏོ། ། འདི་ལྟ་སྟེ། ཤར་ཕྱོགས་མཐོན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོན་ལྷོ
205b3 ཕྱོགས་དམའ། དབུས་མཐོ་ན་མཐའ་དམའ། མཐའ་མཐོན་དབུས་དམའ་བར་གྱུར་ཏེ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག། རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས
205b4 རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། འུར་འུར་། རབ་ཏུ་འུར་འུརང་། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེ་མ། རབ་ཏུ་ཆེ་མ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ།། སྣང་བ་ཆེན་པོས་ཀྱང་འཇིག་རྟེན་བྱབ་པར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན
205b5 པོ་ཡང་བབ་པོ། ། སིལ་སྟན་དག་ཀྱང་མ་དཀྲོལ་བར་རང་འཁྲོལ་ཞིང་སིལ་སྙན་དང་། གླུའི་དབྱངས་དེ་དག་ལས་ཀྱང་སྒྲ་འདི་ལྟ་བུ་བྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས
205b6 པར་བྱིན་གྱིས་རླབས་སོ། ། ཆོས་ཀྱི་རྣམ་གྲངས་འདི་རྣམ་པར་དཀྲུག་ཏུ་མེད་པའི་ཚུལ་དུ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་ལེགས་པར་བཏབ་བོ་ཞེས་བྱུང་ངོ་།། ཀླུའི་རྒྱལ་པོ་རྒྱ་མཚོས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི
205b7 ཁམས་ཐམས་ཅད་ཁྱབ་པར་མུ་ཏིག་གི་ཆར་ཆེན་པོ་ཕབ་བོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ལ། གཞན་དག་ལ་ཡང
205b8 རྒྱས་པར་ཡང་དག་པར་སྟོན་ཅིག། གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་གཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན
iiif viewer powered by OpenSeadragon
205a - 206a