e-texts navigator
Collection
Volume
Page
Wylie

205a1 ཡོ་དྲྀཥྚ་གཏནྡ། ཛྭ་ལཱནན་དྷ་མནན། ས་རྦ་ཧི་ཏན། དྷམ་ཏ་ནཱཾ། ཨད་ག་རྗེ་ན། དྷརྨན་ཏན།། ཀཽ་ཤི་ཀ་རག་སྔགས་དང་། གསང་སྔགས་ཀྱི་གཞིནི་འདི་དག་ཡིན་ཏེ། འདས་པ་དང་། མ་འོངས་པ་དང་། དས་བྱུང་བ
205a2 སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གསུངས་སོ། ། རིག་སྔགས་དང་གསང་སྔགས་ཀྱི་གཞི་འདི་དག་གིས་ནི་རྩོད་པའི་བདག་པོ་བདུད་ཐམས་ཅད་ཚར་གཅོད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས
205a3 ལ་ཚངས་པ་ཀུན་དུ་སྣང་བ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱི། བཅང་བར་བགྱི། རྒྱས་པར་བགྱིའོ།། དེ་ཅིའི་སླད་དུ་ཤེ་ན། བཅོམ་ལྡན་འདས་བྱས་པ
205a4 གཙོ་བ་དང་། བྱས་པ་ཚོང་བ་ནི་དཀར་པོའི་ཚེས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བསྔགས་པའི་སླད་དུའོ།། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་རྫས་སུ་བསྲུང
205a5 སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་འདི་བཟུང་བར་བགྱི། ཡོངས་སུ་བསྲུང་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་བསོད་ནམས་འཕགས་ཀྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས
205a6 ཀྱི་བུ་མོས་དེ་བཞིན་གཤེགས་པའི་ཆོས་བཟུང་ན། བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩམ་པ། སངས་རྒྱས་སྨན་གྱིས་ཕྱོགས་བཅུ་ཡི།།
205a7 ཞིང་རྣམས་ཇི་སྙེད་ངས་མཐོང་བ།། དེ་ཀུན་རིན་ཆེན་གང་བྱས་ནས།། མི་གང་སྦྱིན་པ་སྦྱིན་བྱེད་ལ།། གང་ཞིག་འཇིག་རྟེན་མགོན་པོའི་ཆོས།། སྙིང་ནས་ཡོངས་སུ་འཛིན་བྱེད་ན།། དེ་བས་མི་དེའི་བསོད་ནམས་ནི།། ཤིན་དུ་མང་དུ་འ
205a8 བར་འགྱུར། ། བསྐལ་བའི་བར་དུ་བཞུགས་ནས་ནི།། དཔེ་རྣམས་བསྟན་པས་བཤད་ན་ཡང་།། དམ་པའི་ཆོས་ནི་འཛིན་པ་ཡི།། བསོད་ནམས་ཟད་པར་ཡོད་མི་འགྱུར།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་ལྔ་ཁྲག་ཁྲིག་བདུན




iiif viewer powered by OpenSeadragon

204b - 205b

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo