e-texts navigator
Collection
Volume
Page
Wylie

198b1 ལ་གནས་ན་མཉམ་པ་ཉིད་ལ་འཇུག་གོ། མཉམ་པ་ཉིད་ལ་ཞུགས་ན་མཐོ་བར་ཡང་མི་འགྱུར་དམའ་བར་ཡང་མི་འགྱུར་རོ།། མཐོ་བ་ཡང་མེད། དམའ་བ་ཡང་མེད་ན་མཉམ་པ་ཉིད་ཀྱི་ཆོས་ཀྱིས་རབ་ཏུ་ཕྱེ་བའི་བཟོད་པ་ཐོབ་པར་འགྱུར
198b2 ཏེ། དེ་ལ་བཟོད་པ་གང་ཡིན་པ་དང་། ལུང་བསྟན་པ་གང་ཡིན་པ་དང་གང་ལུང་བསྟན་པར་བྱ་བ་དང་། སུས་ལུང་བསྟན་པ་དངའི་ཕྱིར་ལུང་སྟན་པའི་ཆོས་དེ་དག་ཐམས་ཅད་ཆོས་མཉམ་པ་དང་ཆོས་མེད་པའི་ཆོས་ཀྱི་བྱིངས་སུ་ངས་པ་དང་བ་མེད་པ
198b3 དང་། འབྱུང་བ་མེད་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་། བྲལ་བ་དང་། གཉིས་སུ་མེད་པའི་མཐའ་ཅན་དེ་དག་གི་དོན་ཡོངས་སུ་གཞལ་ནས་ཆོས་གང་ཡང་འགྲང་བར་མི་བྱེད་དོ།། དཔེར་ན་ནམ་མཁའ་ནི་བགྲང་དུ་མེད་ཅིང་བགྲང
198b4 བ་ལས་ཡང་དག་པར་འདས་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་ལྟ་བར་བྱའོ།། ཀླུའི་རྒྱལ་པོ་རྒྱ་མཚོའི་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ཉིས་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། །
198b5 དགེ་སློང་ཉིས་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོའི་སྤོབས་པ་ནི་ངོ
198b6 མཚར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདིའི་གྲོབས་པ་ནི་ངོ་མཚར་ཡང་མི་ཆེ་བཆེད་ད། བ་ཡང་མ་ཡིན་གྱི་ལས་དང་པོ་པ་གང་དག་གིས་བསྟན་པ་འདི་ཐོས་ནས་མི་སྐྲག་མི་དངང་དངང་པར་མི་འགྱུར་བ་འདི་ནི་དེ་དག་གི
198b7 ཆེས་ངོ་མཚར་ཆེ་བ་དང་། ཆེར་དཀའ་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་དེ་ལྟར་མོས་པར་དཀའ་བ་སྟེ། དེ་ལ་ནི་ལྷ་དང་བཅས་པའི་འཇིག་རྟེན་འཇུག་པར་མི་འགྱུར། འགྲོ་བར་མི་འགྱུར། མོས
198b8 པར་མི་འགྱུར། ཡིད་ཆེས་པར་མི་འགྱུར་བའི་ཕྱིར་ཏེ། རྒྱལ་པོ་ཆེན་པོ་རྣམ་གྲངས་འདིས་ཀྱང་གང་དག་ཆོས་ཟབ་མོ་བསྟན་པ་འདི་ལ་མི་སྐྲག། མི་དང་ང་ཞིང་དངང་པར་མི་འགྱུར་བའི་སེམས་ཅན་དེ་དག་ནི་སེམས་ཅན་སངས་རྒྱས་མ




iiif viewer powered by OpenSeadragon

198a - 199a

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo