| | e-texts navigator
|
192b1 མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ལགས་པ་མང་པོ་དག་གིས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིས་ལགས་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བ་མཛད་ན། བདག་གིས
192b2 ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཅུང་ཟད་ཙམ་འཚལ་ཏེ། བདག་གིས་བཅོམ་ལྡན་འདས་ཞམ་རིང་བ་དང་བཅས་པར་རྣམ་པར་རྒྱལ་བྱེད་དང་འདྲ་བའི་བཀོད་པ་ཆེན་པོའི་ཁང་བཟངས་ཀྱི་ནང་དུ་བཞུགས་པར་གསོལ
192b3 ལ་བྱ་རྒོད་ཀྱི་ཕུང་པོའི་རིལ་བསྐྱལ་བར་འཚལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུང་དེའི་དུས་ལ་བབ་པར་ཤེས་ན་སྩོལ་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མཐོང་དགས་སངས་རྒྱས་ཀྱི་མཐུ་དང་། རང་གི
192b4 རྫུ་འཕྲུལ་གྱི་སྟོབས་ཀྱིས་རྣམ་པར་རྒྱལ་བྱེད་དང་འདྲ་བའི་ཁང་བཟངས་བྱིན་གྱིས་བརླབས་ནས། དེར་བཅོམ་ལྡན་འདས་ནམ་རིང་དང་བཅས་པར་བཞུགས་པར་གསོལ་ནས་སྟེང་གི་བར་སྣང་ལས་གཤེགས་ཏེ། ཀླུའི་བུ་མོ་བརྒྱད
192b5 ཁྲི་བཞི་སྟོང་ཡང་སིལ་སྙན་བྱེད། ཕེག་རྡོག་གླུ་དབྱངས་ལེན་ཅིང་མེ་ཏོག་གི་ཆར་ཆེན་པོ་འབེབས་ལ། ལྷའི་སྤོས་དང་བྱེ་མ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་དུ་མཐར་གྱིས་བཅོམ་ལྡན་འདས་བྱ་རྒོད་ཕུང་ངོའི་རི་ལ་བསྐྱལ་ཏོ།། དེ
192b6 ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བུ་དང་བཅས། ཆུང་མ་དང་གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གདུགས་ནས་སོམ་ལྡན་འདས་ལ་བཟོད་པ་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་མ་འབྱོར་པར
192b7 གྱུང་པཾ་གང་ལགས་པ་རྣམས་བདག་ཅག་ལ་བཟོད་པ་མཛད་དུ་གསོལ། དེ་ཅིའི་སྐད་དུ་ཞེ་ན། བཅོམ་ལྡན་འདས་རིན་དི་ལྟ་བ་བཞིན་དུ་དེ་དང་འཚམ་པའི་མཆོད་པའི་འོས་ལགས་ལ། བཅོམ་ལྡན་འདས་ནི་སེམས་ཅན་ཐམས
192b8 ཅད་ཀྱི་བླ་ནམ་མཆིས་པའི་བསོད་ནམས་ཀྱི་ཞིང་རིན་པོ་ཆེ་ལགས་ཏེ། མཆོད་པའི་འོས་ལགས་ན། དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འབྱོར་པའམ།
iiif viewer powered by OpenSeadragon
192a - 193a