| | e-texts navigator
|
191a1 ཤོག། དེ་ནས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མས། བཅོམ་ལྡན་འདས་ལ་དེ་སྐད་བསྟོད་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་སླར་བྱུང་སྟེ། གཤེགས་པས་རྒྱ་མཚོ་ཆེན་པོ
191a2 མི་མཛེས་པ་ལེགས་ན། ཅི་ནས་བདག་རྒྱ་མཚོ་མཛེས་པར་བགྱིད་པ་དེ་ལྟ་བུར་བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྟན་ན་ལེགསོ་ལེགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཆེན་པོའི་ལྷ་མོ་འོད
191a3 ལྡན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འོད་ལྡན་མ་ཆོས་བཅུ་པོ་འདི་དག་ནི་རྒྱན་དུ་འགྱུར་བ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱམས་པའི་རྗེས་སུ་འཇུག
191a4 པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་རྣམ་པར་མི་འཚེ་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་གནས་པ་དང་། བསམ་པའི་སྦྱོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས
191a5 བསྐྱེད་པས་དགའ་བར་གནས་པ་དང་། སྦྱིན་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་རྒྱན་གྱི་སྨོན་ལམ་ལ་བརྩོན་འགྲུས་བརྟན་པ་དང་། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དྲན
191a6 བ་དང་། ཤེས་བཞིན་དུ་གནས་པ་དང་། སྔོན་གྱི་དགེ་བ་ཆུང་མི་ཟ་བའི་ཕྱིར་དང་། ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་དང་ལྡན་ཞིང་ཆོས་འདོད་པ་དང་། ཕན་པའི་དངོས་པོས་སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཐམས
191a7 ཅང་སྐྱེད་པ་དང་། གཉིས་སུ་མེད་པས་གོང་དུ་ཁྱད་པར་རྟོགས་པ་དང་། སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་ལ་ཡང་དག་པར་གནོལ་བས་སངས་རྒྱས་རྗེས་སུ་དྲན་པ་འཐོབ་པ་སྟེ། འོད་ལྡན་མ་ཆོས་བཅུ་པོ་དེ་དག་ནི་རྒྱན་དུ་ཝུང
191a8 པ་ཡིན་ནོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱ་མཚོ་ཆེན་པོའི་ལྷ་མོ་འོད་ལྡན་མ་ལྷ་མོ་ཁྲི་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
iiif viewer powered by OpenSeadragon
190b - 191b