e-texts navigator
Collection
Volume
Page
Wylie

190a1 དག་གིས་ཀྱང་མངོན་སུམ་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ནི་དམུརྒ་དགདུལ་དཀའ་ཞིང་བསྲུང་དཀའ་བ་ལགས་ཏེ། དེར་བདག་ཅག་གིས་སེམས་བརྐམ་ཆགས་ཅན
190a2 དུགྱུར་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་དེ་མ་མཉེས་པར་བགྱིས་ལགས་སོ།། བཅོམ་ལྡན་འདས་བདག་ཅག་གིས་དེ་སླན་ཆད་རང་གིས་སྲོག་ཀྱང་ཡོངས་སུ་གཏང་བར་འཚལ་གྱིས་སྡིག་པའི་ལས་ནེ
190a3 མི་བགྱིད་དོ། ། བཅོམ་ལྡན་འདས་ཀྱིས་དེ་དག་ཆོས་ཀྱི་གཏམ་གྱིས་དགའ་བ་སྐྱེད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། གྲོགས་པོ་དག་དེ་བཞིན་གཤེགས་པ་བྱམས་པའི་འདུས་པ་དང་པོའི་གྲངས་སུ་གཏོགས་པར་འགྱུར་རོ།། དེ་ནས་བཅོམ
190a4 ལྡན་འདས་ཀྱིས་རྒྱ་མཚོ་ཆེན་པོར་སེམས་ཅན་གྱི་དོན་ཇི་སྙེད་བྱ་དགོས་པ་དེ་དག་ཐམས་ཅད་མཛད་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་ཚུར་ཤོག། དེ་རང་གི་མལ་ཆ་དང་། སྟན་རྣམས་སྔས་ཤིག། ད་ནི་རང་གི
190a5 གནས་སུ་འགྲོའོ། ། དེ་ནས་བཅོམ་ལྡན་འདས་ཞམ་རིང་བ་དང་བཅས་པར་གདན་ལས་བཞེངས་ནས་རྒྱ་མཚོ་ཆེན་པོའི་ནང་ནས་ཕྱིར་ཡང་རིན་པོ་ཆེའི་ཐེམ་སྐམ་རྣམས་ལས་བཀོད་པ་ཆེན་པོ་དང་། མཆོད་པ་ཆེན་པོ་དང་། སངས་རྒྱས་ཀྱི
190a6 ཆེ་བ་ཉིད་ཆེན་པོས་གཤེགས་ནས་མགུར་སྩལ་ཏེ། རྒྱ་མཚོའི་འགྲམ་དུ་གཞེས་སོ།། དེ་ནས་རྒྱ་མཚོའི་ལྷ་མོ་འོད་ལྡན་མས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མདོན་པར་བསྟོད་པ།། སུམ་བཅུ་རྩ་གཉིས་མཚན་མངའ་ལྷ་དང
190a7 མིས་མཆོད་པ། ། ལྷ་མིན་དབང་པོས་བསྙེན་བཀུར་མི་མཆོག་དེང་ཕྱག་འཚལ།། པད་མ་ལྟ་བུའི་སྤྱན་མདའ་ཞལ་རས་ཟླ་བ་འངདྲ་།། དགེ་བའི་ཆོས་ཀྱིས་འཕགས་པ་བདེ་སྦྱིན་དེང་ཕྱག་འཚལ།། གཟུགས་མཆོག་སྟོན་པ་བསོད་ནམས
190a8 རྒྱའི་མཚན་དང་ལྡན། ། ཡོན་ཏན་ཡེ་ཤེས་འཕགས་པ་རྣམ་འདྲེན་དེར་ཕྱག་འཚལ།། སྦྱིན་དང་དུལ་བས་འཕགས་པ་ཚུལ་ཁྲིམས་བཟང་པོ་བརྩེགས།། བཟོད་པའི་སྟོབས་ཀྱིས་འཕགས་པ་མི་མཆོག་དེང་ཕྱག་འཚལ།། བརྩོན་འགྲུས




iiif viewer powered by OpenSeadragon

189b - 190b

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo