| | e-texts navigator
|
188b1 ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་ཚིག་འདི། དེས་ཀྱང་སྨྲས་སོ།། དེ་བཞིན་གཤེགས་པ་ནི་གཉིས་སུ་མི་གསུང་བའོ།། དེ་བཞིན་གཤེགས
188b2 པ་ནི་བ་ན་པ་གསུང་བའོ། ། ཡང་དག་པར་གསུང་བའོ།། བྱིན་ཅི་མ་ལོག་པར་གསུང་བ་སྟེ། དེས་བདག་ཅག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་ལུང་བསྟན་ཏོ།། བཅོམ་ལྡན་འདས་བདག་པགནི་ས་ཨ་དང་ཆོས་དང་།
188b3 དགེ་སློང་གི་དགེ་འདུན་ལ་ཤིན་དུ་སྐྱབས་སུ་མཆིའོ།། བསྲབ་པའི་གཞི་རྣམས་ཀྱང་གཟུང་བར་འཚལ་ལོ།། དེ་བཞིན་གཤེགས་པ་ལ་ཡང་བཀའ་དྲིན་དུ་བཟོ་བར་འཚལ་ཏེ། དེ་བཞིན་གཤེགས་པ་བཞུགས་པ་ན་ཡང་བལྟ་བ
188b4 དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། ཆོས་མཉན་པའི་སླད་དུ་རྒྱུན་མེ་འཆད་པར་ཐང་དུ་མཆིའོ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་སྐུ་གདུང་འཚར་བ་རྣམས་ལ་མཆོད་པར
188b5 བགྱིའོ། ། བཀུར་སྟི་དང་། རིམ་གྲོ་ཐམས་ཅད་ཀྱང་བགྱིའོ།། ཀླུ་ཡོངས་སུ་བསྐྱབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བྱའི་རྒྱལ་པོ་ནམ་མཐའ་ལྡིང་བཞིས་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་འདི་ཐོས་ནས་མ
188b6 དགའ་ཞིང་རིངས་པའི་ཚུལ་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
188b7 བཅོམ་ལྡན་འདས་ཀྱིས་བདག་ཅག་གི་འཚལ་མ་བཀུམ་གེ་ཅི་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གྲོགས་པོ་དག་ཟས་བཞི་པོ་འདི་དག་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེས
188b8 འཇིག་རྟེན་དུ་འགྲོ་བར་འགྱུར་བ་ཡིན་ཏེ། དེ་བཞི་གང་ཞེ་ན། གྲོགས་པོ་དག་ཟས་གང་སྲོག་ཆགས་གཞན་བསད་པ་དང་། སྲོག་ཆགས་གཞན་ལ་རྣམ་པར་འཚེ་བ་དང་། གཞན་གྱི་སྲོག་བ་ཅད་པས་འཚོ་བ་འདི་ནི་སེམས་ཅན
iiif viewer powered by OpenSeadragon
188a - 189a