e-texts navigator
Collection
Volume
Page
Wylie

180b1 བཅུ་ལྡན་པ་རྣམས་ལ་བརྗོད་དང་མཆོད་པ་ལགས། ། བདག་ནི་བྱང་ཆུབ་རེག་འགྱུར་མཉམ་སྟེ་དེ་ལ་སྒྲི་བ་གནས་ནས།། བདག་ནི་གསོ་མང་བྱང་ཆུབ་བ་ཚུང་ས་མེ་མཆིབ་ལ་ཞུགས་པ་ལགས།། མི་དབང་ལ་བགཞན་སྲིད་ག་བུམ་སུ་ཡང་བདགས
180b2 དབང་མ་མཆིས། ། བདག་གི་བསམ་པ་ཅི་དྲིའི་དབང་ནི་སྟོབས་བཅུ་ལྡན་པ་ལགས།། བདག་ནི་ཀུན་ལ་ཤིན་དུ་སྡུག་ཅིང་ང་རྒྱལ་བསལ་བ་དང་།། སྦྱིན་དང་དུས་དང་ལྡན་ཞིང་ཚུལ་ཁྲིམས་ལྡན་ལ་བཟོད་ལྡན་དང་།། བརྩོན་འགྲུས་དྲན་པ་ཏིང་འཛིན་ཞེས
180b3 རབ་རྣམ་དག་གནས་པ་དང་། ། བྱམས་དང་སྙིང་རྗེར་ལྡན་ཉིང་བདེན་པའི་ཆོས་ལ་སྟོད་གྱུར་ཅིག། བན་བཞེད་རྒྱལ་བ་གལ་ཏེ་བདག་ལ་ལུང་སྟོན་མོ་མཛད་ཀྱང་། མིའི་དབང་པོ་བདག་ནི་རང་གིས་རང་ལ་ལུང་ཡང་བསྟན།། བདག་ནི་རང་བྱུང་མི་འགྱུར
180b4 སྙམ་དུ་ཡིད་གཉིས་དོགས་མ་མཆིས། ། དེ་ལྟར་བདག་ནི་བསམ་པ་ཐག་པས་བྱང་ཆུབ་ཉིད་སེམས་དེས།། མི་དབང་འཛུམ་པ་མཛད་ནས་ཟླ་བའི་ཏོག་གིས་ཞུས་པ་ནི།། རང་བྱུང་འཛུམ་པ་མཛད་པ་འདི་ནི་ཅི་ལགས་ལུང་བསྟན་གསོལ།། གང་གི་ཕྱིར་ན
180b5 ངས་ནི་དག་པའི་འོད་རྣམས་བསྟོན་མཛད་པ། ། ཟླ་བའི་ཏོག་ཁྱོད་མཉན་པར་གྱིས་ཤེས་སྟོན་པས་དེ་ལ་གསུངས།། ལྷ་མིན་སྒྲ་གཅན་བདག་ཉིད་ཆེན་པོ་བྱང་ཆུབ་མཆོག་ལ་ཞུགས།། གཡོག་འཁོར་སུམ་ཁྲི་ཉིས་སྟོང་གང་ལགས་རྣམས
180b6 ཀྱང་དེ་བཞིན་ཏེ། ། བསྐལ་པ་སྟོང་ཕྲག་བརྒྱར་ནི་བྱང་ཆུབ་སྤྱོད་པ་སྤྱད་ནས་ཀྱང་།། ཐམས་ཅད་རྗེས་སུ་འཐུན་པར་བྱང་ཆུབ་གཙེ་བོ་ཐོབ་པར་འགྱུར།། རྒྱལ་བ་གང་གཱའི་བྱེ་མ་སྙེད་རྣམས་ལ་ནི་མཆོད་བགྱིས་ཏེ།། དེ་ནས་སེམས་ཅན་ཤིན
180b7 ཏུ་མང་པོ་བྱང་ཆུབ་བཀོད་ནས་ཀྱང་། ། དེའི་འོག་ཏུ་བསྐལ་པ་དགེ་བ་བཀོད་པ་མཛེས་པ་ལ།། བྱང་ཆུབ་རྡུལ་བྲལ་ཞི་བ་མྱ་ངན་མེད་པར་འཚང་ཡང་རྒྱ།། སྒྲ་གཅན་བདག་ཉིད་ཆེན་པོ་འདི་ནི་ཆོས་ཀྱི་རྒྱལ་པོར་འགྱུར།། བརྩོན་འགྲུས་སྟོབས
180b8 དང་ལྡན་ཏེ་དབང་པོའི་རྒྱལ་མཚན་ཞེས་ཀྱང་བགྱི། ། འཇིག་རྟེན་ཁམས་ཀྱང་དགའ་བསྐྱེད་པའི་བཀོད་པ་ཞེས་བགྱི་སྟེ།། དགའ་ལྡན་གནས་དང་འདྲ་བར་འབྱོར་ཅིང་རྒྱས་ལ་ལོ་ཡང་ལེགས།། སྟོབས་བཅུ་ལྡན་གྱི་ཚེ་ནི་ལོ་གྲངས་བྱེ་བ་བདུན་བཅུ




iiif viewer powered by OpenSeadragon

180a - 181a

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo