| | e-texts navigator
|
177a1 ཡང་དག་པར་སང་ཡང་དག་པར་ཞུགས་པ་དང་། ལྷ་དང་མི་རྣམས་ཀྱི་ནང་ན་མ་ཁམ་པ་དང་བྲལ་བ་ཡིན་ཏེ་བཅུ་པ་དེ་དག་གོ།། ལོག་པར་ལྟ་བ་བླངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པ
177a2 བྱང་ཆུབ་ཏུ་ཡོངས་སུ་བསྔོན། དེས་དེ་བྱང་ཆུབ་ཐོབ་པ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ལ་མངོན་སུམ་དུ་འགྱུར་ཞིང་མངོན་པར་ཤེས་པ་མྱུར་བའི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤངས་པའི
177a3 བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཚེ་རིང་བར་ཡང་འགྱུར་རོ། ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་གཞན་གྱིས་གནོད་པར་བྱ་བ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ།། མ་བྱིན
177a4 པར་ལེན་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་མི་འཕྲོགས་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ
177a5 པས་བླ་ན་མེད་པ་འཐོབ་པར་འགྱུར་རོ། ། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཆུང་མ་མི་གཡེམ་པར་ཡང་མི་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ
177a6 ན་ཡང་དེའི་མ་དང་། བུ་དང་ཆུང་མ་ལ་སུ་ཡང་ཆགས་པའི་སེམས་ཀྱིས་ལྟ་བར་མི་འགྱུར་རོ།། བརྫུན་དུ་སྨྲ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་མི་འབྲོགས་པ་དང་། སྐུར་པ་འདེབས
177a7 པ་མེད་པར་འགྱུར་བའི་ལམ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་དེ་དམ་བཅས་པ་བརྟན་པར་འགྱུར་རོ།། ཕྲ་མ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན
177a8 པབྱིན་ན་ལོངས་སྤྱོད་ཆེ་བར་འགྱུར་ཞིང་གཡོག་འཁོར་མི་ཕྱེད་པར་ཡང་འགྱུར་རོ། ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བསམ་པ་འཐུན་པས་བྱང་ཆུབ་སེམས་དཔའི་གཡོག་འཁོར་འཐོབ་བོ།། ཟག་རྩུབ་པོ་སྤངས་པའི་བྱང་ཆུབ
iiif viewer powered by OpenSeadragon
176b - 177b